ཁྲི་ཀ་རྫོང་གིས་བྱེད་ཐབས་གསར་བ་བཏོན་ནས་རོང་འབྲོག་དམངས་ཀྱི་མ་དངུལ་བསྡུ་དཀའ་བའི་གནད་དོན་ཐག་གཅོད་བྱས།
2017.09.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཉེ་ཆར། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ལས་ཡིད་རྟོན་དངུལ་བུན་འགན་ལེན་ཚད་ཡོད་ཀུང་ཟིའི་ཁྲི་ཀའི་ཡན་ལག་ཀུང་ཟི་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་དང་། ཀུང་ཟི་འདི་བཙུགས་པ་དེས་ཁྲི་ཀ་རྫོང་ལ་ཞིང་ཆེན་དང་ཁུལ་གྱི་ནོར་སྲིད་དང་ཞིང་ཕྱུགས་སྡེ་ཁག མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ལས་ཡིད་རྟོན་དངུལ་བུན་འགན་ལེན་ཚད་ཡོད་ཀུང་ཟི་བཅས་ཀྱི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག ཧུར་ཐག་གིས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་འདྲེས་པར་བྱེད་པ་དང་། ཞིང་ཕྱུགས་ལས་ཀྱི་རྒྱབ་སྐྱོར་སྲུང་སྐྱོབ་མ་ལག་འཐུས་ཚང་དུ་གཏོང་བ། དངུལ་རྩའི་མ་རྩ་དང་སྤྱི་ཚོགས་མ་རྩ་སྔར་ལས་མང་བའི་ས་ཁུལ་དུ་ཕྱོགས་པར་ཁྲིད་སྟོན་བྱས་ཏེ། ནུས་ཡོད་སྒོས་མ་དངུལ་བསྡུ་དཀའ་བ་དང་རིན་གོང་ཆེ་བའི་གནད་དོན་སེལ་བའི་བྱེད་ཐབས་ཤིག་གསར་གཏོད་བྱས།

མིག་སྔའི་བར་དུ། ཁྲི་ཀའི་ཡན་ལག་ཀུང་ཟིས་ཞིང་ཕྱུགས་ལས་དང་ཆེད་ལས་མཉམ་ལས་ཁང་། རོང་འབྲོག་ཁྱིམ་ཚང་རེ་གཉིས་ཀྱི་འགན་ལེན་རེ་ཞུ་དང་ལེན་བྱས་པ་དང་། དངུལ་བུན་གྱི་གྲངས་འབོར་སྒོར་བྱེ་བ་བརྒྱད་དང་འབུམ་བརྒྱད་ཁྲི་ལྔ་ཡིན་པ་རེད། དེའི་ནང་། ཁྱིམ་ཚང་སུམ་ཅུར་རྟོག་ཞིབ་བྱས་པ་དང་། ཁྱིམ་ཚང་དྲུག་ལ་ཞིབ་བཤེར་ཆོག་མཆན་ཐོབ་ཅིང་། དངུལ་བུན་སྒོར་ས་ཡ་དྲུག་དང་འབུམ་བདུན་བཏང་།