མཚོ་སྔོན་ཞིང་ཆེན་གྱི་གྲོང་སྡེ་བཅུ་བདུན་སྐབས་ལྔ་བའི་རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་སྡེའི་འདེམས་སྒུག་མིང་ཐོའི་ཁྲོད་ཚུད།
2017.09.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ་དགུ་བའི་ཚེས་ཉེར་དྲུག་ཉིན། ཀྲུང་དབྱང་དཔལ་ཡོན་བྱ་བའི་གཞུང་སྒྲུབ་ཁང་གིས་སྐབས་ལྔ་བའི་རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་སྡེའི་འདེམས་སྒུག་མིང་ཐོ་ཁྱབ་བསྒྲགས་བྱས། རྒྱལ་ཡོངས་སུ་བསྡོམས་པས་དཔལ་ཡོན་གྲོང་སྡེའི་འདེམས་སྒུག་མིང་ཐོའི་ཁྲོད་ཚུད་པའི་གྲོང་སྡེ་སྟོང་གཅིག་དང་བཞི་བརྒྱ་གོ་ལྔ་ཡོད་པ་དང་། དེའི་ནང་མཚོ་སྔོན་ཞིང་ཆེན་གྱི་གྲོང་སྡེ་བཅུ་བདུན་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་མགོ་ཁྲིད་འོག རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་བསྟར་བྱེད་པ་དེ་གཞི་རྩར་བྱས་ཏེ་ཤུགས་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གསར་འཛུགས་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ། ནུས་ཡོད་སྒོས་རྒྱལ་དམངས་ཀྱི་སྤུས་ཚད་དང་སྤྱི་ཚོགས་དཔལ་ཡོན་འཛུགས་སྐྲུན་གོ་རིམ་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་སྟེ་ཁྱོན་ཡོངས་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་མི་དམན་པ་བཞག དེ་བས། ཀྲུང་དབྱང་དཔལ་ཡོན་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སྐབས་ལྔ་བའི་རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་སྡེ་འདེམས་པ་དང་གཟེངས་བསྟོད་བྱེད་རྒྱུ་ཐག་བཅད་དེ་དཔལ་ཡོན་གྲོང་སྡེ་གསར་འཛུགས་ཀྱི་གྲུབ་འབྲས་འགྲེམ་སྟོན་གང་ལེགས་བྱེད་པ་དང་དཔལ་ཡོན་གྲོང་སྡེ་གསར་འཛུགས་བྱ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

ཐེངས་འདིའི་དཔལ་ཡོན་གྲོང་སྡེ་འདེམས་པའི་བྱ་བ་འདྲ་མཉམ་དྲང་བདེན་ཡོང་ཆེད། ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་གིས་ཟླ་དགུ་བའི་ཚེས་ཉེར་དྲུག་ཉིན་ནས་ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་བར་སྐབས་ལྔ་བའི་རྒྱལ་ཡོངས་དཔལ་ཡོན་གྲོང་སྡེའི་འདེམས་སྒུག་མིང་ཐོ་ཁྱབ་བསྒྲགས་བྱས་ཏེ། སྤྱི་ཚོགས་ལས་རིགས་སོ་སོའི་བསམ་འཆར་ལ་ཉན་པ་དང་རྒྱ་ཆེའི་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་གྱི་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མེ་ལོང་སྡེ་བ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཁམས་ར་གྲོང་རྡལ་སྐྱིད་ལྷས་སྡེ་བ། ཐུན་རིན་རྫོང་བཙན་མོ་ཞང་བཙན་མོ་སྡེ་བ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གངས་ལུང་ཞང་ལུང་མོ་ཆི་སྡེ་བ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ལབ་ཞང་ལྷ་སའི་ཐང་སྡེ་བ་དང་ཆུ་དམར་ལེབ་རྫོང་ཆུ་དམར་ཧོ་ཞང་མཚོ་ཁྲི་སྡེ་བ་སོགས་སྡེ་བ་བཅུ་བདུན་སྐབས་འདིའི་རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་སྡེའི་འདེམས་སྒུག་མིང་ཐོའི་ཁྲོད་ཚུད་ཡོད།