རྒྱལ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་གཟེངས་བསྟོད་ཚོགས་ཆེན་སྟེང་མཚོ་སྔོན་ཞིང་ཆེན་གྱི་ཐུན་མོང་གསུམ་དང་མི་སྒེར་གསུམ་ལ་གཟེངས་བསྟོད་བྱས།
2017.09.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཟླ་དགུ་བའི་ཚེས་ཉེར་བདུན་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་དང་ཀྲུང་དབྱང་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཉིས་སྟོང་བཅུ་གསུམ་ལོ་ནས་ཉིས་སྟོང་བཅུ་དྲུག་ལོའི་བར་གྱི་རྒྱལ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་ལ་གཟེངས་བསྟོད་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སྔོན་ཐོན་ཐུན་མོང་གསུམ་དང་སྔོན་ཐོན་མི་སྒེར་གསུམ་ལ་གཟེངས་བསྟོད་ཐོབ།

དེའི་ནང་མཚོ་སྔོན་ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་བརྟན་འཇགས་སྲུང་སྐྱོབ་བྱ་བའི་ཁྲུའུ་དང་མཚོ་ཤར་གྲོང་ཁྱེར་ཕྱོགས་བསྡུས་བཅོས་སྐྱོང་གཞུང་སྒྲུབ་ཁང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མཱང་ནེ་སྲིད་འཛིན་ཨུ་ཡོན་ལྷན་ཁང་ཕྱོགས་བསྡུས་བཅོས་སྐྱོང་གཞུང་སྒྲུབ་ཁང་བཅས་རྒྱལ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་སྔོན་ཐོན་ཐུན་མོང་དུ་བདམས་ཡོད་པ་དང་། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུའུ་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། ཕྱོགས་བསྡུས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་རིན་ཆོན་པང་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་སྤྱི་བདེ་ཅུའུ་ཡི་ཆབ་སྲིད་ཨུ་ཡོན་སྒོམ་པ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་ཧྲིན་པའོ་ལམ་གཞིས་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི། ཀྲུའུ་རིན་ཝང་མིན་ཞ་བཅས་རྒྱལ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་སྔོན་ཐོན་མི་སྒེར་དུ་བདམས་ཡོད།

དེ་དང་མཉམ་དུ། གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་ཕུལ་བྱུང་གྲོང་ཁྱེར་དུ་བདམས་ཡོད་པ་དང་། ན་གོར་མོ་དང་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་གཉིས་རྒྱལ་ཡོངས་ཀྱི་བདེ་འཇགས་འཛུགས་སྐྲུན་བྱ་བའི་སྔོན་ཐོན་རྫོང་དང་གྲོང་ཁྱེར་དུ་བདམས་ཡོད།