མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་སྒོར་ས་ཡ་གཅིག་འབུམ་བདུན་ཁྲི་དགུ་ཡི་ཆེད་དོན་འགྲོ་གྲོན་བཏང་སྟེ་དབང་བོ་སྐྱོན་ཅན་ཁྲི་གཉིས་ལྷག་ལ་ཕན་པ་བསྐྲུན།
2017.09.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་དབང་བོ་སྐྱོན་ཅན་ལ་རོགས་འདེགས་ཡོ་ཆས་ཉོ་བའི་གནད་ཕིགས་སྡེབ་སྒྲིག་ཞབས་ཕྱི་ལག་བསྟར་བྱ་བའི་བྱེད་ཐབས་ལ་གཞིགས་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་ཚོགས་པའི་ཉོ་ཚོང་འདེམས་འགུག་དང་ཉོ་སྒྲུབ་བྱས་པ་བརྒྱུད་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་དབང་བོ་སྐྱོན་ཅན་ལ་རོགས་འདེགས་ཡོ་ཆས་ཉོ་བའི་གནད་ཕིགས་སྡེབ་སྒྲིག་ཞབས་ཕྱིའི་དང་ལེན་ལས་ཁུངས་དང་། ཞབས་ཕྱིའི་འགྲོ་གྲོན་བཏང་བའི་བསྡུར་ཚད། དབང་བོ་སྐྱོན་ཅན་རོགས་འདེགས་ཡོ་ཆས་ནང་འདྲེན་བྱས་པའི་ཐོན་རྫས་ཀྱི་རིགས་དང་རིན་གོང་ཚོང་རྫས་འདོན་སྤྲོད་བྱེད་མཁན་སོགས་གཏན་ཁེལ་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། བྱེད་ཐབས་འདིར་གཞིགས་ན། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་གསར་ཏུ་སྒོར་ས་ཡ་གཅིག་འབུམ་བདུན་ཁྲི་དགུ་ཡི་ཆེད་དོན་འགྲོ་གྲོན་དེ་དབང་བོ་སྐྱོན་ཅན་གྱི་རོགས་སྐྱོར་ཡོ་ཆས་ཉོ་བའི་གནད་ཕིགས་སྡེབ་སྒྲིག་ཞབས་ཕྱིའི་ཐད་བཏང་། འདི་ནི་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཐེངས་དང་པོར་གཅིག་རྐྱང་སྒོས་འགྲོ་གྲོན་བཏང་ནས་རོགས་འདེགས་ཡོ་ཆས་ཉོ་བའི་གནད་ཕིགས་སྡེབ་སྒྲིག་ཞབས་ཕྱི་ལ་རྒྱབ་སྐྱོར་བྱས་པ་ཡིན་ལ། ལོ་རེར་དབང་བོ་སྐྱོན་ཅན་ཁྲི་གཉིས་ལྷག་ལ་ཕན་པ་བསྐྲུན་པ་དེས་མཚོ་སྔོན་ཞིང་ཆེན་གྱི་དབང་བོ་སྐྱོན་ཅན་རོགས་སྐྱོར་ཡོ་ཆས་ཉོ་བའི་སྡེབ་སྒྲིག་གི་བྱ་བའི་གོ་རིམ་ཁྲོད་བྱུང་བའི་བྱེ་བྲག་གི་ཆ་སྡེབ་དམའ་བ་དང་དབང་བོ་སྐྱོན་ཅན་རོགས་འདེགས་ཡོ་ཆས་ཀྱི་དགོས་མཁོ་ཡང་དག་པར་ནང་བྱིན་མ་ཆུད་པ། རོགས་སྐྱོར་ཡོ་ཆས་མཁོ་སྤྲོད་བྱ་བའི་ཆ་སྡེབ་ཀྱི་ཆེད་ལས་མི་སྣ་དཀོན་པ་སོགས་ཀྱི་དཀའ་ངལ་སེལ་ཐུབ་པ་བྱུང་བར་མ་ཟད། གོམ་གང་མདུན་སྤོས་ཀྱིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་ལ་རིན་མེད་ཀྱི་གཞི་རྩའི་ཡོ་ཆས་རོགས་འདེགས་ཀྱི་གནད་ཕིགས་སྡེབ་སྒྲིག་ཞབས་ཕྱི་དང་མི་དམངས་ཀྱི་འཚོ་བ་ལེགས་བཅོས་ཡོང་བ། དབང་བོ་སྐྱོན་ཅན་སྤྱི་ཚོགས་ཀྱི་བྱ་བའི་ལས་གྲས་སུ་ཞུགས་པ་སོགས་ལ་སྐུད་འདེད་ཀྱི་ནུས་པ་བཏོན་ཡོད།
 

                                                                                                                                                                                                                                                                                                           ཀུན་བཟང་སྒྲོལ་མ།