རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཧོར་གྲོང་རྡལ་གྱི་ཞིང་ལས་ཡིད་རྟོན་ཁང་གིས༼གནད་ཁེལ་དབུལ་སྐྱོར་ལྔ་གསུམ་ཐིག་གི་དངུལ་བུན་ཕྱིར་གཏོང་སྲིད་ཇུས༽ལག་བསྟར་གྱི་མཛད་སྒོ་བསྡུས།
2017.09.28 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 10

སྤྱི་ཚོགས་ཡིད་རྟོན་མ་ལག་འཛུགས་སྐྲུན་བྱེད་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་འཐུས་ཚང་དུ་གཏོང་བའི་རྨང་གཞི་གཙོ་བོ་ཡིན་པ་དང་། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་རིམ་སྤོར་དང་སྤྱི་ཚོགས་ནུས་ཡོད་སྒོས་དག་ཐེར་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གཙོ་བོ་ཡིན།  རྒྱལ་ཁབ་ཀྱི་ཡང་དག་པའི་སྲིད་ཇུས་དང་གོང་རིམ་གྱི་ཡང་དག་པའི་སྣེ་ཁྲིད་འོག ཉེ་ལམ། ཧོར་གྲོང་རྡལ་སྲིད་གཞུང་དང་ཧོར་གྲོང་རྡལ་ཡིད་རྟོན་ཁང་གིས་གྲོང་རྡལ་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་བཅོས་སྒྱུར་གཏིང་ཟབ་བྱེད་པ། ཁྲིམས་ལྟར་གྲོང་རྡལ་སྐྱོང་བ་ལག་བསྟར་བྱས་ཏེ་སྤྱི་ཚོགས་ཡིད་རྟོན་མ་ལག་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བར་དམ་འཛིན་བྱས་པ་དང་གཙོ་གནད་སྟེང་ཤུགས་འདོན་པ། རང་གྲོང་རྡལ་གྱི་སྤྱི་ཚོགས་ཡིད་རྟོན་མ་ལག་འཛུགས་སྐྲུན་རྒྱུན་ཆད་མེད་པར་ཇེ་ཟབ་དང་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་སྐུལ་བཏང་སྟེ་རྒྱལ་ཁབ་གྱིས་བཏོན་པའི་གནད་ཁེལ་དབུལ་སྐྱོར་ལྔ་གསུམ་ཐིག་གི་དངུལ་བུན་ཕྱིར་གཏོང་སྲིད་ཇུས་ལག་བསྟར་མཛད་སྒོ་བསྡུས།

༢_副本.jpg

ཚོགས་ཐོག་ཏུ་རྩེ་ཁོག་རྫོང་གི་རྫོང་དཔོན་གཞོན་པ་ཏོ་ཝན་རུང་དང་། རྩེ་ཁོག་རྫོང་ཡིད་རྟོན་ཁང་གི་ལས་འཛིན་འགོ་གཙོ་ཞིང་ཅི་ཞོན།རྩེ་ཁོག་རྫོང་ཡིད་རྟོན་ཁང་གི་ཀྲུའུ་རིན་ཝང་ཕེང་། རྩེ་ཁོག་རྫོང་ཧོར་གྲོང་རྡལ་གྱི་ཧྲུའུ་ཅི་ཚེ་རིང་བསམ་གྲུབ་དང་གྲོང་གཙོ་བློ་བཟང་བསྟན་པ། ཧོར་གྲོང་རྡལ་ཡིད་རྟོན་ཁང་གི་ཀྲུའུ་རིན་ཤ་བོ་སངས་རྒྱས། སྡེ་བ་སོ་སོའི་ འགོ་བ་དང་ས་གནས་མང་ཚོགས་བཅས་བསྡོམས་པས་མི་སུམ་བརྒྱ་ལྷག་ཐེངས་འདིའི་མཛད་སྒོར་ཞུགས་ཡོད།
         ༡_副本.jpg

རྩེ་ཁོག་རྫོང་གི་རྫོང་དཔོན་གཞོན་པ་ཏོ་ཝན་རུང་གིས་ཧོར་གྲོང་རྡལ་གྱི་ཡིད་རྟོན་ཁྱིམ་ཚང་དང་ཡིད་རྟོན་སྡེ་བའི་འཐུས་ཚབ་པར་དཔང་ཡིག་བྱིན་པ་དང་། གྲོང་གཙོ་བློ་བཟང་བསྟན་པས་གནད་ཁེལ་དབུལ་སྐྱོར་ལྔ་གསུམ་ཐིག་གི་དངུལ་བུན་ཕྱིར་གཏོང་སྲིད་ཇུས་ངོ་སྤྲོད་བྱས། ཧོར་གྲོང་རྡལ་ཡིད་རྟོན་ཁང་གི་ཀྲུའུ་རིན་ཤ་བོ་སངས་རྒྱས་ཀྱིས་ཡིད་རྟོན་ཁྱིམ་ཚང་གི་ཆ་རྐྱེན་དང་མིག་སྔའི་རང་གྲོང་རྡལ་གྱི་དངུལ་བུན་ཕྱིར་གཏོང་གི་གནས་ཚུལ། ད་ལོའི་འཆར་གཞིའི་ཐད་རེ་བ་བཏོན། སྐྱིད་ལུང་སྡེ་བའི་སྡེ་དཔོན་བསམ་གྲུབ་རྒྱལ་གྱིས་རང་སྡེ་བ་ཡིད་རྟོན་སྡེ་བར་གདམས་ཐོན་བྱུང་བའི་གནས་ཚུལ་དང་། རྩེ་ཁོག་རྫོང་ཡིད་རྟོན་ཁང་གི་ཀྲུའུ་རིན་ཝང་ཕེང་གིས་ཐེངས་འདིའི་གནད་ཁེལ་དབུལ་སྐྱོར་ལྔ་གསུམ་ཐིག་གི་དངུལ་བུན་ཕྱིར་གཏོང་སྲིད་ཇུས་ལག་བསྟར་མཛད་སྒོའི་གལ་ཆེན་རང་བཞིན་ངོ་སྤྲོད་བྱས། མཇུག་མཐར་རྩེ་ཁོག་རྫོང་ཧོར་གྲོང་རྡལ་གྱི་ཧྲུའུ་ཅི་ཚེ་རིང་བསམ་གྲུབ་གྱིས་ཧོར་གྲོང་རྡལ་གྱིས་ཡིན་རྟོན་མ་ལག་འཛུགས་སྐྲུན་དང་གནད་ཁེལ་དབུལ་སྐྱོར་ལྔ་གསུམ་ཐིག་གྱི་དངུལ་བུན་ཕྱིར་གཏོང་སྲིད་ཇུས་ལག་བསྟར་དང་རྒྱུན་འཁྱོངས། རང་གྲོང་རྡལ་གྱི་ཡུལ་དུས་གནས་བབ་དང་བསྟུན་ནས་དབུལ་ཐར་ཐབས་ཇུས་ལག་བསྟར་བྱས་ཏེ་སྔ་མོ་ནས་དབུལ་ཐར་འབྱུང་ཐུབ་པར་འབད་བརྩོན་བྱེད་དགོས་པའི་རེ་བ་བཏོན།            

༣_副本.jpg