མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་གིས་སྐབས་དང་པོའི་ཞིང་ཕྱུགས་ཐོན་རྫས་འགྲེམ་ཚོང་ཚོགས་འདུ་བསྡུས།
2017.09.30 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 9

QQ图片20170929170216.png

ཟླ་དགུ་བའི་ཚེས་ཉེར་བདུན་ཉིན། མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་ཞིང་ཕྱུགས་དང་ཚན་རྩལ་ཅུའུ་ཡིས་གཙོ་སྒྲུབ་བྱས་པའི་ཐུན་ཏེ་རྫོང་གི་སྐབས་དང་པོའི་ཞིང་ཕྱུགས་ཐོན་རྫས་འགྲེམ་ཚོང་ཚོགས་འདུ་རྫོང་རི་ཐང་ཆེན་ནས་བསྡུས།

QQ图片20170929171159.pngQQ图片20170929170307.pngQQ图片20170929170530.pngQQ图片20170929170609.pngQQ图片20170929171435.png

ཞོ་དང་འོ་མའི་རྒྱ་མཚོ་འདི་ན་འཁྱིལ། ཤ་དང་ཐུད་ཀྱི་རི་རབས་འདི་ན་བརྗིད།

QQ图片20170929170800.png

གསེར་གྱི་མཁར་ཟངས་ནང་ལ་འོ་མའི་རྒྱ་མཚོ་བསྐྱིལ་ཡོད། གསོམ་དཀར་འོ་ཟོའི་ནང་ལ་མར་ལོ་སེར་པོ་སྦྲུམ་ཡོད།

QQ图片20170929170127.png

QQ图片20170929170923.png

ལག་སོར་མོ་རྒྱུད་དྲུག་རྡུང་ལ་བྱང་། སྐད་སྙན་མོ་གླུ་ཆུང་ལེན་ལ་བྱང་།

QQ图片20170929171252.pngQQ图片20170929171232.png

ལོ་ལེགས་ཁུར་གྱིས་དུད་པའི་དུས་བཟང་ལ། འབྲུ་རིགས་སྣ་ལྔའི་མཆོད་པ་ཁྱེད་ལ་འབུལ།

 QQ图片20170929170331.pngQQ图片20170929171320.pngQQ图片20170929171544.png 

གཡུ་བྱུ་རུ་སྒམ་ན་ཡོད་ནི་ཚོ། འདི་སྒམ་ནས་མ་འཇོག་འདོག་གི་སྡོད། འདི་འདོག་གི་སྐལ་བ་ཇེ་ཡག་རེད།

གོས་ཚ་རུ་སྣོད་ན་ཡོད་ནི་ཚོ། འདི་སྣོད་ནས་མ་འཇོག་གོན་གི་སྡོད། གོས་གོན་གི་སྐལ་བ་ཇེ་ཡག་རེད།

QQ图片20170929171456.png

དེང་རབས་འཕྲུལ་གྱི་ནུས་པ་ངོ་མཚར་ཆེ། རང་ཅག་བོད་ཀྱི་ཤ་མོག་ཁ་ལ་ཞིམ།

QQ图片20170929171107.png

མཆོད་སྤྲིན་རྟགས་ཅན་གྱི་བོད་སྤོས་དག་མ་བདུག་ན་གྲིབ་རིགས་སྣ་ཚོགས་འཇོམས་ཐུབ།

QQ图片20170929170413.png

མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་ཞིང་ཕྱུགས་དང་ཚན་རྩལ་ཅུའུ་ཡིས་གཙོ་སྒྲུབ་བྱས་པའི་ཐུན་ཏེ་རྫོང་གི་སྐབས་དང་པོའི་ཞིང་ཕྱུགས་ཐོན་རྫས་འགྲེམ་ཚོང་ཚོགས་འདུ་ཟླ་དགུ་བའི་ཚེས་ཉེར་བདུན་ཉིན་རྫོང་རི་ཐང་ཆེན་ནས་བསྡུས། ཐེངས་འདིའི་འགྲེམ་ཚོང་ཚོགས་འདུས་ཐུན་ཏེ་རྫོང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དྲིལ་སྒྲོག་འཚམས་སྦྱོར་བྱེད་པ་དང་ཐུན་ཏེ་རྫོང་གི་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཚོང་རྟགས་མིང་གྲགས་ཅན་བསྐྲུན་རྒྱུ་དམིགས་འབེན་དུ་བྱས་ནས། ཞིང་ཕྱུགས་ཁེ་ལས་ཐོན་རྫས་དང་ཆེད་ལས་མཉམ་ལས་ཁང་གི་ཐོན་རྫས། ཁྱིམ་གཉེར་ཞིང་ཕྱུགས་ཐོན་རྫས། རྫོང་ཁོངས་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་བཅས་འགྲེམ་ཚོང་ཁུལ་བཞི་རུ་བགོས་ཏེ། ཞིང་ཕྱུགས་ཁེ་ལས་བརྒྱད་དང་རོང་འབྲོག་དམངས་ཆེད་ལས་མཉམ་ལས་ཁང་བཅུ་བཞི། ཁྱིམ་གཉེར་ཞིང་ཕྱུགས་ར་དྲུག་བཅས་རྩ་འཛུགས་བྱས་ནས་ཞིང་ཕྱུགས་ཐོན་རྫས་སུམ་བརྒྱ་ལྷག་འགྲེམ་སྟོན་བྱས་ཏེ། ཉེ་བའི་ལོ་འདི་འགའི་རིང་ལ་ཐུན་ཏེ་རྫོང་གི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་མངོན་པར་བྱས།
ཐེངས་འདིའི་འགྲེམ་ཚོང་ཚོགས་འདུས་ས་གནས་ཀྱི་ཞིང་ཕྱུགས་ཆེད་ལས་མཉམ་ལས་ཁང་དང་ཁེ་ལས། ཁྱིམ་གཉེར་ཞིང་ཕྱུགས་ར་བཅས་བར་ཕན་ཚུན་སློབ་སྦྱོང་དང་དཔེ་ལྟ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཞིང་ཕྱུགས་ལས་རིགས་ཀྱི་ཐོན་རྫས་སྣ་ཚོགས་ལས་སྣོན་དང་ཚོང་རྟགས་མིང་གྲགས་ཅན་གསར་སྐྲུན་བྱེད་པར་མཐུན་རྐྱེན་ལེགས་པོ་ཞིག་བསྐྲུན་པ་རེད།
འགྲེམ་ཚོང་ཚོགས་འདུའི་གཙོ་གཉེར་སྡེ་ཁག་གི་འབྲེལ་ཡོད་མི་སྣས་གཞན་ད་རུང་ཐེངས་འདིའི་འགྲེམ་ཚོང་ཚོགས་འདུར་ཞུགས་པའི་ཁྱིམ་གཉེར་ཞིང་ཕྱུགས་ཁེ་ལས་གསུམ་དང་ཆེད་ལས་མཉམ་ལས་ཁང་བཞི། ཁྱིམ་ཚང་གི་ཞིང་ཕྱུགས་ར་གསུམ་བཅས་ལ་ཕུལ་བྱུང་ཚོང་རྟགས་གསར་སྐྲུན་གྱི་བྱ་དགའ་གནང་བར་མ་ཟད། མཉམ་ལས་ཁང་དང་ཁེ་ལས་སོགས་ཀྱི་ཐོན་རྫས་ཕྱིར་འཚོང་བྱས་པའི་ཡོང་སྒོ་སྤྱི་བསྡོམས་བྱས་པ་དང་། ཉིན་དེར་ཞིང་ཕྱུགས་ཐོན་རྫས་ཀྱི་ཕྱིར་འཚོང་ཡོང་འབབ་ཁྱོན་བསྡོམས་པས་སྒོར་ཁྲི་གསུམ་ལས་བརྒལ་ཡོད་ཟེར། 

གསར་འགོད་པ། དཔའ་བརྟན་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། ཆོས་ཕྱུག་རྒྱལ།

ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།

སྤྱིའི་ལྟ་སྐུལ་བ། རྣ་བྷ།