མཚོ་ལྷོ་ཁུལ་གྱིས་དབུལ་སྐྱོར་རྟེན་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལས་གཞིར་མ་དངུལ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་གསུམ་བརྩོན་ལེན་བྱས།
2017.10.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ད་ལོ་ནས་བཟུང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ནན་ཏན་སྒོས་རྒྱལ་ཁབ་དབུལ་སྐྱོར་མཁྲེགས་གཏོར་གྱི་འབྲེལ་ཡོད་སྲིད་ཇུས་ལག་བསྟར་དངོས་འབེབས་བྱས་ཤིང་། ཁུལ་ཁོངས་གཏོགས་དངུལ་གཏོང་ཀུང་ཟིའི་དངུལ་བསྡུའི་འགན་ནུས་འདོན་སྤེལ་གང་ལེགས་བྱས་པ། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་དངུལ་བསྡུའི་གོ་སྐབས་དམ་འཛིན་བྱས་པ། མགྱོགས་ཀྱིས་ཞིང་ཕྱུགས་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་བཏང་བ། ཤུགས་ཆེན་པོས་དབུལ་ཐར་མཁྲེགས་གཏོར་ལས་གཞི་ཡར་སྐུལ་ལ་བཏང་ནས། དབུལ་ཕོངས་སྡེ་བའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལས་གཞིའི་ཐད་རྒྱལ་ཁབ་ཀྱི་དངུལ་ཁང་ནས་མ་དངུལ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་གསུམ་བརྩོན་ལེན་བྱས།

མ་དངུལ་བརྩོན་ལེན་བྱས་པའི་ཁྲོད་དུ། ཞིན་ཧེ་རྫོང་ཞིང་སྡེ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་སྤྱིའི་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཉིས་ལྷག་བརྩོན་ལེན་བྱས་པ་དང་། གུང་ཧོ་རྫོང་གི་ཞིང་སྡེ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་སྤྱིའི་མ་དངུལ་སྒོར་ཐེར་འབུམ་གཅིག་བརྩོན་ལེན་བྱས། ཐུན་ཏེ་རྫོང་གི་ཞིང་སྡེ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལས་གཞིར་མ་དངུལ་སྒོར་དུང་ཕྱུར་བདུན་དང་བྱེ་བ་བདུན་བརྩོན་ལེན་བྱས།