ཕྱི་རྒྱལ་གྱི་ཆེད་མཁས་པ་བཅུ་བཞི་མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་ཀྱི་ནད་ཐོག་སྨན་བཅོས་ཚད་ལྡན་དུ་བསྒྱུར་བའི་རྒྱལ་སྤྱིའི་གསོ་སྦྱོང་ལ་ཞུགས།
2017.10.05 ཁུངས། ཀློག་གྲངས། 8

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་ཤེས་ལྡན་མི་སྣ་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་། མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་ཕྱི་རྒྱལ་གྱི་ཆེད་མཁས་པའི་མཐོ་སྒང་གི་ཐུམ་འབུའི་ནད་གསོ་སྦྱོང་དང་ཐུམ་འབུའི་ནད་ཀྱི་ནད་ཐོག་སྨན་བཅོས་ཚད་ལྡན་ཅན་དུ་བསྒྱུར་བའི་རྒྱལ་སྤྱིའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་ནས་བསྡུས། ནེ་ཀྲི་རི་ཡ་དང་མོང་གོལ་སོགས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བཞི་ནས་ཡོང་བའི་ཆེད་མཁས་པ་བཅུ་བཞི་ཐེངས་འདིའི་གསོ་སྦྱོང་ལ་ཞུགས།

གསོ་སྦྱོང་འཛིན་གྲྭ་བསྡུ་བའི་དམིགས་ཡུལ་ནི་རྒྱལ་སྤྱི་ཡི་རང་རྒྱལ་ནུབ་རྒྱུད་ཀྱི་ཐུམ་འབུའི་ནད་ཀྱི་གནོད་འཚེའི་གནས་ཚུལ་དང་འགོག་བཅོས་བྱ་བའི་ཐད་ཀྱི་རྒྱུས་ལོན་གཏིང་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུམ་འབུའི་ནད་འགོག་བཅོས་ཁྱབ་ཁོངས་ཀྱི་ཆེད་ལས་ལག་རྩལ་འཇོན་མི་སྐྱེད་སྲིང་བྱེད་པའི་ཐད་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བའི་ཆེད་རེད། གསོ་སྦྱོང་འཛིན་གྲྭ་ནི་མཚོ་སྔོན་ཞིང་ཆེན་རྒྱུད་གཅིག་ལམ་གཅིག་གྲོས་གཞི་ཁྲོད་འདྲེས་པར་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་ལམ་རྒྱུད་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་ཐོན་ཁུངས་མཉམ་སྤྱོད་བྱེད་པ། བརྗེ་རེས་མཉམ་ལས་བྱེད་པའི་མཚོན་རྟགས་ཀྱང་རེད།

གསོ་སྦྱོང་འཛིན་གྲྭའི་སྐབས་སུ། རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པས་ལག་རྩལ་མཉམ་བསྲེས་དང་གསར་གཏོད་འཕེལ་རྒྱས་བརྒྱུད་དེ། རིན་ཐང་ལྡན་པའི་ཉམས་མྱོང་དང་ལྟ་བ་བརྒྱུད་སྒྲོག་བྱས་ནས། རང་རྒྱལ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་སྨན་བཅོས་ལས་དོན་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། རང་རྒྱལ་གྱི་ཐུམ་འབུའི་ནད་འགོག་བཅོས་ཁྱབ་ཁོངས་ཀྱི་གྲུབ་འབྲས་དང་ཆུ་ཚད། ཉམས་མྱོང་དྲིལ་སྒྲོག་དང་འགྲེམ་སྟོན་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན།