ཉེ་ལམ། གསར་འགོད་པས་མདོ་ལ་རྫོང་ནས་བསྡུས་པའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྒོ་ཕྱུགས་བཤའ་བ་དང་ཁྱིམ་བྱ་གསོད་པར་ལྟ་སྐུལ་དོ་དམ་དང་ཆེད་དམིགས་ལེགས་བཅོས་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅུ་བཞི་ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་སྡེ་ཁག་གིས་བསྟུད་མུར་སྒོ་ཕྱུགས་བཤའ་བ་དང་ཁྱིམ་བྱ་གསོད་པའི་ཁེ་ལས་ལེགས་སྒྲིག་གཙང་བཅོས་དང་། སྒོ་ཕྱུགས་བཤའ་བར་གཙང་ཕྱགས་བྱེད་པ། བཤའ་མཁན་ཁེ་ལས་ཀྱི་འབག་བཙོག་སྔོན་འགོག་དང་བཅོས་སྐྱོང་སྒྲིག་ཆས་འཛུགས་སྒྲུབ་སོགས་ཆེད་དམིགས་ལེགས་བཅོས་སྦྱོར་བ་ལག་ལེན་དུ་བསྟར་ནས། ས་གནས་སོ་སོའི་སྒོ་ཕྱུགས་བཤའ་མཁན་ལས་རིགས་གོ་རིམ་ཅན་དང་ཚད་ལྡན་ཅན་དུ་བཏང་བར་མ་ཟད། བཤའ་མཁན་ཁེ་ལས་ཀྱི་ཤ་ཐོན་ཟས་རིགས་བདེ་འཇགས་དང་ཁོར་ཡུག་སྲུང་སྐྱོབ་ལེགས་སྒྲིག་བྱ་བ་སྟོབས་དང་ལྡན་པའི་སྒོ་ནས་ཡར་ལྡན་དུ་སྤེལ།
ཉེ་བའི་ལོ་འདི་འགར། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་སྡེ་ཁག་གིས་སྤྱི་བདེ་དང་ཁོར་ཡུག་སྲུང་སྐྱོབ། ཟས་རིགས་སྨན་རྫས་ལྟ་སྐུལ་སོགས་སྡེ་ཁག་མང་པོར་མཉམ་འབྲེལ་བྱས་ཏེ། སྒོ་ཕྱུགས་བཤའ་བ་དང་ཁྱིམ་བྱ་གསོད་པར་ཆེད་སྤྱོད་དཔང་ཡིག་སྟེར་བ་དང་དཔང་ཡིག་བརྗེ་བའི་ལས་དོན་དམ་པོར་བཟུང་ནས། བཤས་ར་གཙང་བཟོ་ལེགས་བཅོས་བྱ་བ་གཏིང་ཟབ་དུ་སྤེལ། མིག་སྔའི་བར་དུ། ཚད་ལྡན་ཡིན་པའི་བཤས་ར་ཆེ་གྲས་ཞེ་གསུམ་གྱི་དཔང་ཡིག་གསར་དུ་བརྗེས་པ་དང་སྒོ་བྱང་གི་མཚོན་རྟགས་གསར་སྒྱུར་བྱས་པར་མ་ཟད། བཤས་ར་ཆུང་གྲས་བརྒྱ་དང་ང་གསུམ་ལ་གཙང་བཅོས་བྱས་པ་ལས་གཞན། སྒེར་གྱི་བཤས་ར་རེ་གསུམ་མེད་བརླག་ཏུ་བཏང་མཐར། མཚོ་སྔོན་གྱི་སྒོ་ཕྱུགས་བཤའ་བ་དང་ཁྱིམ་བྱ་གསོད་པའི་ལས་རིགས་སྔར་ལས་ཚད་ལྡན་ཅན་དུ་བཏང་།