ཉེན་རྟོག་ཕྱོགས་ཀྱི་རོགས་རམ་ལ་བརྟེན་ནས་དྲ་ལམ་བརྒྱུད་དེ་མགོ་གཡོག་མགོ་སྐོར་འོག་ཚུད་པའི་མ་དངུལ་སྒོར་ས་ཡ་བདུན་དང་འབུམ་དྲུག་ཁྲི་བརྒྱད་ཕྱིར་བླངས།
2017.10.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

ཉེ་ལམ། གསར་འགོད་པས་ཟི་ལིང་གྲོང་ཁྱེར་གློག་འཕྲིན་དྲ་ལམ་མགོ་གཡོག་ལ་ངོ་རྒོལ་བྱེད་པའི་ལྟེ་གནས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ་བདུན་པའི་ཚུན་ལ། ཉེས་དོན་ཉེན་རྟོག་རུ་ཁག་དང་གློག་འཕྲིན་དྲ་ལམ་མགོ་གཡོག་ལ་ངོ་རྒོལ་བྱེད་པའི་ལྟེ་གནས་གཉིས་ཀྱིས་བྱ་བའི་འདུ་ཤེས་གསར་གཏོད་དང་ཚན་རིག་གི་ཆེད་ལས་སྟོབས་ཤུགས་བཀོད་སྒྲིག་བྱས་པར་བརྟེན་ནས། བར་མ་ཆད་པའི་ངང་ལམ་ལུགས་སྔར་ལས་འཐུས་ཚང་ཅན་དུ་བཏང་བར་མ་ཟད། གློག་འཕྲིན་དྲ་ལམ་ལ་བརྟེན་ནས་མགོ་གཡོག་མགོ་སྐོར་འོག་ཚུད་པའི་གྱོད་དོན་ལྔ་རྩད་ཆོད་བྱུང་། ཞིང་ཆེན་གཞན་དང་འབྲེལ་བའི་གྱོད་དོན་ང་བདུན་རྩད་ཆོད་བྱུང་བ་ལས་གཞན། ཞིང་ཆེན་གཞན་གྱི་རོགས་རམ་ལ་བརྟེན་ནས་ཟི་ལིང་གྲོང་ཁྱེར་གྱི་གྱོད་དོན་གསུམ་རྩད་ཆོད། དོགས་ཡོད་ཉེས་ཅན་དགུ་འཛིན་བཟུང་བྱས། སྒོར་མོ་ས་ཡ་དགུ་དང་འབུམ་དྲུག་ཁྲི་བརྒྱད་ལྷག་ཕྱིར་བླངས།