ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནམ་གཤིས་རྟོག་དཔྱོད་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་རྒྱལ་སྟོན་གྱི་སྐབས་སུ་མཚོ་སྔོན་གྱི་ས་ཆ་མང་ཆེ་བར་གནམ་ངོ་དྭངས་ནའང་། ཟླ་བཅུ་བའི་ཚེས་བདུན་ཉིན་གྱི་དགོང་མོ་ནས་བཟུང་། མཚོ་སྔོན་གྱི་གནམ་གཤིས་ལ་འགྱུར་བ་ཐེབས་ནས། ནུབ་ཕྱོགས་ནས་ཤར་ཕྱོགས་སུ་རིམ་པར་ཆར་འབབ་པའི་གནམ་གཤིས་མངོན་པ་དང་། ཞིང་ཆེན་ཡོངས་ཀྱི་ས་ཆ་མང་ཆེ་བའི་ནམ་ཟླ་མངོན་གསལ་སྒོས་ཇེ་འཁྱགས་སུ་འགྲོ་རྒྱུ་རེད།
ཟླ་བཅུ་བའི་ཚེས་བརྒྱད་ཉིན་ནས་བཟུང་། ཟི་ལིང་དང་མཚོ་ཤར། མཚོ་བྱང་། མཚོ་ལྷོ། རྨ་ལྷོ། མགོ་ལོག་གི་བྱང་ཕྱོགས། མཚོ་ནུབ་ཀྱི་ཤར་ཕྱོགས་བཅས་སུ་ཆར་ཆུང་ཆུང་འབབ་པ་ནས་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན་པ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཆར་ཆུང་ཆུང་འབབ་པ་ནས་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ཟླ་བཅུ་བའི་ཚེས་དགུ་ཉིན། ཟི་ལིང་དང་མཚོ་ཤར། རྨ་ལྷོའི་བྱང་ཕྱོགས་བཅས་སུ་ཆར་འབྲིང་ཙམ་ནས་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་ས་ཁུལ་གཞན་དག་ལ་ཆར་ཆུང་ཆུང་འབབ་པ་ནས་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ཟླ་བཅུ་བའི་ཚེས་བཅུ་ཉིན། ཟི་ལིང་དང་མཚོ་ཤར། མཚོ་ལྷོ། རྨ་ལྷོ་བཅས་སུ་ཆར་ཆུང་ཆུང་འབབ་པ་ནས་སྤྲིན་མང་རྒྱུ་ཡིན་པ་དང་། ཡུས་ཧྲུའུ་དང་མགོ་ལོག་་ལ་ཆར་ཆུང་ཆུང་འབབ་རྒྱུ་ཡིན་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་ས་ཁུལ་གཞན་དག་ལ་གནམ་ངོ་དྭངས་པ་ནས་སྤྲིན་མང་རྒྱུ་རེད།