རྐང་ཚ་རྫོང་གིས་རྒྱ་བོད་སྐད་གཉིས་ཀྱི་སྒྲོག་འགྲེལ་བྱ་འགུལ་སྤེལ་ནས་གྲུབ་འབྲས་བཟང་བོ་བླངས།
2017.10.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་གནས་ཚུལ་དངོས་ལ་རྐང་བཙུགས་ནས། རྒྱ་བོད་སྐད་གཉིས་ཀྱི་སྒྲོག་འགྲེལ་ཚོགས་པ་རྒྱ་བསྐྱེད་པ་དང་། རྫོང་དང་ཞང་གྲོང། སྡེ་བ་བཅས་རིམ་པ་གསུམ་མཉམ་འབྲེལ་བྱས་ནས། ཞང་དང་གྲོང་རྡལ་དང་། སྡེ་བར་སོང་ནས་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་དང་ཀྲུང་གོ་བའི་ཕུགས་འདུན་མངོན་འགྱུར་བྱེད་པའི་མང་ཚོགས་སྒྲོག་འགྲེལ་བྱ་འགུལ་སྤེལ་ནས། ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་འཚོགས་པའི་ཐད་གླེང་ཕྱོགས་ཀྱི་སྣང་ཚུལ་བཟང་བོ་བསྐྲུན།

སྒྲོག་འགྲེལ་ཁོངས་མིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་ཕྱོགས་སོ་སོ་ནས་བྱུང་བའི་འགྱུར་ལྡོག་མངོན་གསལ་དང་མང་ཚོགས་ལ་བག་ཆགས་ཟབ་མོ་བཞག་པའི་དམངས་ཚིས་ལེགས་བསྒྱུར་དེ་རྐང་འཛུགས་ས་རུ་བྱས་པ་དང་། མང་ཚོགས་ཀྱི་བྱ་བ་གླེང་བ་དང་མང་ཚོགས་ཀྱི་གཏམ་རྒྱུད་བཤད་དེ། མང་ཚོགས་ཀྱིས་ཏང་གི་སྲིད་ཇུས་བཟང་བོས་ཁྱེར་ཡོང་བའི་བདེ་སྐྱིད་ཀྱི་འཚོ་བར་མྱོང་ཚོར་བྱེད་པར་སློབ་གསོ་དང་སྣེ་ཁྲིད་བྱས། དེ་དང་མཉམ་དུ། རོང་འབྲོག་དམངས་ཀྱི་ཁྱིམ་དུ་སོང་ནས་ཁོ་ཚོའི་ཐོན་སྐྱེད་འཚོ་བའི་ཁྲོད་ཀྱི་དཀའ་ཁག་ལ་རྒྱུས་ལོན་བྱེད་པ་མ་ཟད་དཀའ་ཁག་ཐག་གཅོད་པ་དང་། མང་ཚོགས་ལ་མྱུར་བར་མཁོ་བའི་སྔོན་ཐོན་གྱི་ཕྱུགས་ཟོག་གསོ་སྤེལ་རྩལ་ནུས་དང་བདེ་ཐང་ཤེས་བྱ་སོགས་འགྲེལ་བཤད་བྱས་ལ། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་རོགས་བྱས་ནས་འགལ་རྩོད་ལ་བར་འདུམ་དང་དོགས་གནད་སེལ་བ། དཀའ་ཁག་ཅན་ལ་རོགས་སྐྱོར་བྱེད་པ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབས་ནས། འགུལ་སྐྱོད་དངོས་ཀྱི་སྟེང་ནས་མང་ཚོགས་ལ་ཏང་གི་དྲོད་ཁོལ་མྱོང་དུ་བཅུག་པ་དང་། མཉམ་དུ་དཔལ་ཡོན་མཛའ་བརྩེ་དང་འཆམ་མཐུན་བདེ་སྐྱིད་ཀྱི་དར་སྲོལ་གསར་བ་བཙུགས། རིགས་མི་འདྲ་བའི་གསར་འགྱུར་སྨྱན་བྱད་དང་བོད་མཁར་རྐང་ཚ་རུ་བསྐྱོད་པའི་སྐད་འཕྲིན་སྟེགས་བུ། ཞང་དང་གྲོང་རྡལ་སོ་སོ་དང་སྡེ་ཁག་སོ་སོའི་སྐད་འཕྲིན་ཚོགས་པའི་སྟེགས་བུ་བརྒྱུད་དེ་སྒྲོག་འགྲེལ་གཏིང་ཟབ་བྱས་ནས། ལས་བྱེད་པ་དང་མང་ཚོགས་ཀྱི་གཟི་བརྗིད་ཀྱི་བསམ་པ་ཇེ་དྲག་ཏུ་བཏང་བ་དང་། མི་སེམས་གཅིག་སྒྲིལ་དང་སྙིང་སྟོབས་ཆེར་བསྐྱེད་བྱས།

སྒྲོག་འགྲེལ་ལ་ཉན་པའི་ལས་བྱེད་པ་དང་མང་ཚོགས་ཚོས་མཐའ་གཅིག་ཏུ། སྒྲོག་འགྲེལ་ཁ་གསལ་བོ་བྱས་པ་དང་། ང་ཚོའི་ཉེ་འགྲམ་དུ་བྱུང་བའི་བྱ་བར་བརྟེན་ནས། ང་ཚོར་དེ་རིང་གི་འཚོ་བ་བཟང་བོ་ནི་ཏང་གི་སྲིད་ཇུས་དང་ཁ་འབྲལ་ཐབས་མེད་པ་ཤེས་སུ་བཅུག་ལ། ང་ཚོ་མ་འོངས་པའི་འཚོ་བར་ཡིད་ཆེས་ཀྱིས་ཁེངས་སུ་བཅུག་པ་དང་། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སྙེག་པའི་ཆོད་སེམས་ཇེ་བརྟན་དུ་བཏང་ཟེར།