ཐུན་རིན་གྱིས་ཐོན་ལས་དབུལ་སྐྱོར་ཞིབ་ཏུ་གཉེར་བའི་གྲུབ་འབྲས་གསར་བ་བླངས།
2017.10.11 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 3

མིག་སྔར། མཚོ་སྔོན་གྱི་མཐོ་སྒང་གཅེས་ནོར་ཐུན་རིན་རྫོང་འོ་མའི་ཐོན་རྫས་ལས་སྣོན་རྟེན་གཞི་ཁུལ་གྱིས་དངོས་སུ་ཐོན་སྐྱེད་ཁེ་གཉེར་བྱེད་མགོ་བརྩམས་ལ། དེ་ནི་ཐུན་རིན་རྫོང་གི་ཐོན་ལས་འཕེལ་རྒྱས་ལ་གྲུབ་འབྲས་གསར་བ་བླངས་པའི་རྟགས་མཚན་རེད་ལ། ས་གནས་ཐོན་ལས་སྒྲིག་གཞི་སྙོམས་སྒྲིག་དང་རྒྱུན་བསྲིང་འཕེལ་རྒྱས་ཀྱི་ཐོད་བརྒལ་གསར་བ་ཞིག་ཡིན་པ་མ་ཟད། ཐོན་ལས་དབུལ་སྐྱོར་ཞིབ་གཉེར་ཅན་ཏུ་གཏོང་པའི་མིག་དཔེ་ཡིན་ལ། ས་གནས་ཀྱི་འབྲོག་དམངས་ལ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་ཕན་ཡོད་ཆ་རྐྱེན་སྐྲུན་པ་རེད།

ཐུན་རིན་རྫོང་གི་རྫོང་དཔོན་ལོ་ཧྥུ་ཀོས་ཀྱིས་བསྟན་དོན། ཉེ་བའི་ལོ་འདི་འགར། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་ཡང་དག་པའི་སྣེ་ཁྲིད་འོག་ཏུ། ཐུན་རིན་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་སྤྱིའི་དམིགས་འབེན་ལྟར། རྒྱལ་ཁབ་ཀྱི་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་དང་གནད་ཕིགས་དབུལ་སྐྱོར། བདེ་འཇགས་དང་དར་སྤེལ་གྱི་ལས་གཞི་སོགས་ཀྱི་སྲིད་ཇུས་ཀྱི་གོ་སྐབས་དང་བསྟུན་ནས། རྒྱལ་ཁབ་ཀྱི་རྣམ་གྲངས་མ་དངུལ་ལ་བརྩོན་ལེན་བྱས་ནས། ཚོང་འགུགས་དངུལ་འདྲེན་གྱི་ཤུགས་ཚད་དང་། ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་རྟེན་གཞི། ཐོན་ལས་ཀྱིས་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པ། འོད་རླབས་དྲོད་ཁང་གི་ལྟེ་བ་ལག་བསྟར་བྱེད་པ། འོ་ཕྱུགས་གསོ་སྤེལ་དང་ལས་སྣོན་སོགས་ཀྱི་ཐོན་ལས་ལ་ཤུགས་བསྣན་ནས། གོང་གང་མདུན་སྤོས་སྒོས་ཐོན་ལས་སྒྲིག་གཞིའི་སྙོམ་སྒྲིག་གི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་ལ། ཐོན་ལས་ལེགས་སྒྲིག་དང་ཐོན་ལས་མུ་ཁྱུད་རྒྱུན་བསྲིངས་ནས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས། ཐོན་ལས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་དགེ་མཚན་དུ་སྒྱུར་ཞིང་། ལེགས་ཆ་འགྲན་རྩོད་བྱས་ནས་ཐུན་རིན་རྫོང་གི་དཔལ་འབྱོར་འཕར་སྣོན་ལ་ལམ་སྣེ་གསར་བ་འདོན་སྤྲོད་བྱས་ནས། རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གོམ་སྟབས་ཇེ་མྱུར་དུ་བཏང་ནས། དབུལ་ཕོངས་མང་ཚོགས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་དུ་བཅུག་པ་མ་ཟད། སྔ་མོ་ནས་འབྱོར་འབྲིང་གི་ཐུན་རིན་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིངས་པ་རེད།

ཀྲུང་དབྱང་ཤར་ཕྱོགས་ཁེ་ལས་ཀྱིས་སྤོབས་པ་ཆེན་པོས་མ་དངུལ་གཏོང་པ་ལ་འགན་འཁུར་ནས། མཚོ་བོད་མཐོ་སྒང་གི་ནོར་གྱི་ཐོན་ཁུངས་ལ་དམིགས་བཙུགས་ནས། མ་རྩའི་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཡིས་ཀྲུང་གོ་ནོར་ནག་ཐོན་ལས་ལ་སྣེ་ཁྲིད་པའི་ཁེ་ལས་མཐོ་སྒང་གི་གཅེས་ནོར་དང་ཐུན་རིན་ཡུང་ཧྲིན་དངུལ་གཏོང་ཀུང་ཟི་གཉིས་དང་མཉམ་འབྲེལ་གྱིས་མ་དངུལ་སྒོར་ས་ཡ་གསུམ་དང་འབུམ་བརྒྱད་བཏང་། ཐུན་རིན་རྫོང་ལ་མ་དངུལ་བཏང་པ་དེ་ཡིས་ཀྲུང་གོའི་མཐོ་སྒང་གི་གཞི་རྒྱ་ཆེ་བའི་གསོ་སྤེལ་འདུ་ར་འཛུགས་སྐྲུན་བྱས་ལ། ལས་སྣོན་དང་ཐོན་སྐྱེད། མཐོ་སྒང་ནོར་ནག་ལ་ལྟ་བའི་ཡུལ་སྐོར་སོགས་གཞི་གཅིག་ཏུ་འདྲེས་པའི་གདོད་མིའི་འོ་ཕྱུགས་ཐོན་སྐྱེད་ཐོན་ལས་སྣོན་གྱི་རྟེན་གཞི་ཁུལ་བཙུགས། རྒྱུས་ལོན་བྱུང་པ་ལྟར་ན། ལས་གཞི་དེ་ནི་ཐུན་རིན་རྫོང་གི་ཆེས་གལ་ཆེ་བའི་ཚོང་འགུགས་དངུལ་འདྲེན་གྱི་ལས་གཞི་རེད་ལ། རྟེན་གཞི་དེའི་འཛུགས་སྐྲུན་སྐྱེལ་གཏོང་གིས་ས་གནས་སྒོ་ཕྱུགས་ཐོན་རྫས་དེ་ཚོང་རྫས་སུ་སྒྱུར་བར་དཀའ་བའི་གནད་དོན་ཐག་གིས་བཅད་ཅིང་། ས་གནས་མང་ཚོགས་ལ་བརྒྱུད་ལམ་གསར་བ་བཏོད་ནས་ཁྲོམ་ར་དོག་པའི་གནད་དོན་སོགས་ཐག་གཅོད་བྱས་ཏེ། མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་མཐོར་འདེགས་དང་དབུལ་ཐར་ཕྱུག་འགྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་པར་གལ་ཆེ་བའི་ནུས་པ་ཐོན་པ་རེད། དེ་ནི་ས་གནས་བཟོ་ལས་དཔལ་འབྱོར་ལ་མཚོན་ནས་བཤད་ན་དོན་དག་གལ་ཆེན་ཞིག་ཡིན་ལ། དེ་ཡིས་རྫོང་གི་ཞིང་ཕྱུགས་ཐོན་རྫས་ལས་སྣོན་གྱི་བྱ་གཞག་དེ་འཕེལ་རྒྱས་ཀྱི་དུས་རིམ་གསར་བ་ཞིག་ཏུ་སླེབས་པ་མཚོན་ཡོད།