རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་སྤྱི་བདེ་ཅུའུ་ཡིས་དུག་འགོག་དྲིལ་སྒྲོག་བྱ་བ་སློབ་གྲྭར་སྐྱོད་པའི་བྱ་འགུལ་སྤེལ།
2017.10.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

ཉེ་ལམ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་སྤྱི་བདེ་ཅུའུ་ཡིས་རྫོང་སློབ་གསོ་ཅུའུ་ཡི་ཤུགས་ཆེན་པོའི་རོགས་འདེགས་འོག དུག་འགོག་དྲིལ་སྒྲིག་བྱ་བ་སློབ་གྲྭར་སྐྱོད་པའི་བྱ་འགུལ་སྤེལ་ཏེ་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་བླངས།

ཐེངས་འདིའི་དྲིལ་སྒྲོག་བྱ་འགུལ་ཐོག་མར་རྫོང་མི་རིགས་སློབ་འབྲིང་དང་པོ་ནས་སྤེལ་བ་དང་། ཆུ་ཚོད་གཅིག་རིང་གི་སྒྲོག་འགྲེལ་གོ་རིམ་ཁྲོད་སློབ་མ་རྣམས་ཀྱིས་སེམས་ཞིབ་མོས་ཉན་པ་དང་གཟབ་ནན་གྱིས་སློབ་སྦྱོང་བྱས་ལ། དུས་རྫས་ཀྱིས་བཟོས་པའི་ཡིད་སྐྱོ་བའི་གྱོད་དོན་ལ་སེམས་ཕངས་པའི་ཚུལ་བསྟན། རྫོང་མི་རིགས་སློབ་འབྲིང་གཉིས་པའི་དགེ་སློབ་ལྔ་བཅུ་ལྷག་གིས་སློབ་གྲྭའི་ཚོམས་ཆེན་ནས་དུག་འགོག་སྒྲོག་འགྲེལ་ལ་ཉན་པ་དང་སློབ་གྲྭའི་སློབ་མ་གཞན་དག་གིས་སློབ་ཁང་གི་བརྙན་འཕྲིན་བརྒྱུད་དེ་དུག་འགོག་སྒྲོག་འགྲེལ་ལ་བལྟས། ཐེངས་འདིའི་སྒྲོག་འགྲེལ་བྱ་འགུལ་གྱིས་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་དུག་རྫས་ཀྱིས་བཟོས་པའི་མཇུག་འབྲས་ཚབས་ཆེན་སྒྲོག་འགྲེལ་བྱས་པ་བརྒྱུད་དེ་སྔར་ལས་ལྷག་པའི་སྒོ་ནས་རྒྱ་ཆེའི་སློབ་མ་རྣམས་ཀྱི་དུག་འགོག་འདུ་ཤེས་དང་རིགས་སོ་སོའི་དུག་རྫས་ཀྱི་གནོད་འཚེ་འགོག་པའི་རང་འགུལ་རང་བཞིན་ཇེ་མཐོར་བཏང་།