2016ལོའི་ཚུན་དུ། མཚོ་ནུབ་ཁུལ་གྱིས་སྐྱེ་ཁམས་འཛུགས་སྐྲུན་དང་དབུལ་སྐྱོར་གསར་སྤེལ་གཉིས་དུས་མཉམ་དུ་སྤེལ་བ་དང་། སྐྱེ་ཁམས་སླར་གསོ་དང་དབུལ་ཐར་ཕྱུག་བསྒྱུར་མཐུན་སྦྱོར་ངང་སྤེལ་བའི་རྩ་དོན་གཞིར་བཟུང་ནས། ཞིང་བར་ཕན་འདོགས་པ་དང་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པའི་གཉིས་རྒྱལ་ལམ་བུ་ཞིག་བཏོད། རྫོང་གིས་འཛུགས་སྐྲུན་བྱེད་པ་དང་ཞང་གིས་གདན་ཞུ་བྱེད་པ། ས་ཚིགས་ཀྱིས་དོ་དམ་བྱེད་པ། སྡེ་བས་བཀོལ་སྤྱོད་བྱེད་པའི་དོ་དམ་རྐྱེན་སྲོལ་དང་སྐྱེ་ཁམས་ནགས་སྲུང་བ་གདན་ཞུ་བྱེད་པའི་རྩ་དོན་ལྟར། མིག་སྔའི་བར་དུ། ཁུལ་ཡོངས་ཀྱི་ཡིག་ཚགས་བཙུགས་ཤིང་བྱང་བུ་ལས་པའི་ཁྱིམ་ཚང་ཁྲོད་ནས་སྐྱེ་ཁམས་ནགས་སྲུང་བ་སྟོང་གཅིག་དང་གྱ་ལྔ་གདན་འདྲེན་བཀོལ་སྤྱོད་བྱས་པ་དང་། ཟླ་ཕོགས་ཀྱི་ཚད་གཞི་ཟླ་རེར་སྒོར་སྟོང་གཅིག་དང་སུམ་བརྒྱ་ནས་སྟོང་གསུམ་བར་ཡིན་ལ། ཆ་སྙོམས་ཀྱིས་ཟླ་ཕོགས་སྒོར་སྟོང་གཅིག་དང་དྲུག་བརྒྱ་ཉི་ཤུ་ཡིན་པ་མ་ཟད་ཉེན་སྲུང་ལྔ་ཡང་སྤྲད་དེ། དབུལ་ཕོངས་ཁྱིམ་ཚང་གི་ཡོང་སྒོ་ཁ་སྣོན་བྱས་པ་དང་། དབུལ་ཕོངས་ཁྱིམ་ཚང་གི་ཡོང་སྒོ་ཉུང་བའི་གནད་དོན་ཐག་བཅད་ལ། སྐྱེ་ཁམས་སྲུང་སྐྱོབ་དང་གནད་ཕིགས་དབུལ་ཐར་བར་གྱི་ཟུང་སྦྲེལ་མངོན་འགྱུར་བྱས།