གཅན་ཚ་རྫོང་གིས་ལས་གཞིའི་ཁྲལ་བསྡུ་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་ཞིབ་བཤེར་བྱ་བའི་གྲོས་ཚོགས་བསྡུས།
2017.10.13 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 7

ཁྲལ་བསྡུ་དོ་གཉེར་ལ་ཤུགས་སྣོན་དང་ལས་གཞིའི་ལག་བསྟར་ཤུགས་ཚད་ཆེ་རུ་གཏོང་པ། ལས་གཞིའི་དོ་དམ་ལེགས་སྒྱུར་བྱེད་པ། ཁྲལ་བསྡུའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཆེད། ཟླ་བཅུ་བའི་ཚེས་བཅུ་ཉིན་གཅན་ཚ་རྫོང་གིས་ལས་གཞིའི་ཁྲལ་བསྡུ་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་ཞིབ་བཤེར་བྱ་བའི་གྲོས་ཚོགས་དེ་གཅན་ཚ་རྫོང་ནས་བསྡུས།

ཚོགས་ཐོག་ཏུ་ཁུལ་རྒྱལ་ཁྲལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ། ཁུལ་ཞིབ་བཤེར་རུ་ཁག་གི་རུ་གཙོ་ཞིན་ཏུང་ཆོན་གྱིས་ཐེངས་འདིའི་ཞིབ་བཤེར་བྱ་བའི་ཁྱབ་ཁོངས་དང་ལྟེ་གནད་གཙོ་བོ་རྒྱས་བཤད་བྱས་ལ། ཞིབ་བཤེར་བྱ་བའི་ཞིབ་ཕྲའི་དུས་ཚོད་དང་ཐབས་ལམ་སོགས་གཏན་འཁེལ་བྱས་པར་མ་ཟད། འབྲེལ་ཡོད་སྡེ་ཁག་གིས་ཞིབ་བཤེར་བྱ་བ་ལ་གྲ་སྒྲིག་བྱས་ནས། འགན་འཁུར་སོ་སོར་དབྱེ་བགོས་དང་། ལས་གཞི་དག་ལ་ཕྲེང་བསྟར་ཞིབ་བཤེར་བྱེད་པར་བཀོད་སྒྲིག་བྱས་ཏེ། གཅན་ཚ་རྫོང་གི་ལོ་མཇུག་ཡོང་འབོར་འཕར་བར་སྐུལ་སྤེལ་བྱས།

ཚོགས་འདུ་གྲོལ་རྗེས་སུ། ཁུལ་དང་རྫོང་གི་ཞིབ་བཤེར་རུ་ཁག་གིས་གཏིང་ཟབ་པའི་སྒོ་ནས་འབྲེལ་ཡོད་ལས་ཁུངས་དག་ལ་ཞིབ་བཤེར་བྱེད་པའི་བྱ་བར་འཆར་འགོད་བྱས་ལ། སྔོན་དཔགས་བྱས་ན། ཟླ་བཅུ་བའི་ཟླ་སྨད་ལ་ཞིབ་བཤེར་བྱ་བའི་ལས་འགན་ཡོངས་འགྲུབ་བྱེད་རྒྱུ་རེད།