ཟླ་བཅུ་པའི་ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར། རྩེ་ཁོག་རྫོང་གི2017ལོའི་གནོད་སེལ་དངོས་རྫས་ཀྱི་སྦྱིན་གཏོང་མཛད་སྒོ་དེ་རྩེ་ཁོག་རྫོང་སྲིད་གཞུང་ཐང་ཆེན་དུ་དངོས་སུ་བསྡུས།
ཐེངས་འདིའི་སྦྱིན་གཏོང་དངོས་རྫས་ལ་མལ་ཁྲི་ཉིས་བརྒྱ་ཉེར་གཉིས་དང་། རས་གུར་ཉིས་བརྒྱ་ཉི་ཤུ། སྲིང་བལ་ཉལ་ཐུལ་སུམ་བརྒྱ་ཞེ་དགུ། ཀོ་གདན་སུམ་བརྒྱ་ཉེར་དགུ། ལྕགས་ཐབ་སུམ་བརྒྱ་དང་བརྒྱད་སོགས་དངོས་རྫས་སྣ་ཁ་དགུ་བྱིན་པའི་རིན་ཐང་སྒོར་ས་ཡ་གཅིག་དང་འབུམ་ལྔ་ལ་སླེབས། ཐེངས་འདིའི་དངོས་རྫས་སྦྱིན་གཏོང་གི་བྱ་འགུལ་ནི་རྩེ་ཁོག་རྫོང་གི་ལོ་རྒྱུས་སྟེང་ཅུང་རྒྱ་ཆེ་བའི་གནོད་སེལ་དངོས་རྫས་སྦྱིན་གཏོང་གི་ལས་སྒོ་ཞིག་ཡིན་ལ། ལས་སྒོ་འདི་བརྒྱུད་དེ་རྫོང་ཡོངས་ཀྱི་དབུལ་ཕོངས་མང་ཚོགས་སྐོར་ཞིག་གི་མིག་སྔའི་དཀའ་ཁག་ཐག་གཅོད་བྱས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་བ་བསུ་བའི་སྤྲོ་སེམས་དང་དྲོད་འཇམ་དེ་མི་རེ་རེའི་སེམས་སུ་འབབ་པར་བྱས།