མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་མགྲོན་ཁང་གི་སྦྱིན་བདག་དང་ལས་སྒོའི་རྐང་འཛིན་མི་སྣར་བདེ་སྲུང་ཐད་ཀྱི་གསོ་སྦྱོང་བྱ་འགུལ་སྤེལ།
2017.10.14 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 8

 ཉེ་ལམ།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་སྤྱི་བདེ་ཅུའུ་ཡིས་ཏང་གི་ཚོགས་ཆེན་བཅུ་དགུ་བར་བསུ་མ་བྱེད་པ་དང་བདེ་འཇགས་ལ་འགན་སྲུང་བྱེད་ཅེས་པ་བརྗོད་གཞི་ཡིན་པའི་སློབ་གསོའི་ལག་ལེན་བྱ་འགུལ་གོ་སྐབས་སུ་བརྩིས་པ་དང་བདེ་སྲུང་རུ་ཁག་དང་རྒྱལ་སྲུང་རུ་ཆེན།   མེ་གསོད་རུ་ཆེན།   ཁུལ་གཏོགས་ཀྱི་མངག་གཏོང་ཁང་སོགས་ཀྱིས་སྣེ་ཁྲིད་བྱས་ཏེ་རྫོངས་ཡོངས་ཀྱི་མགྲོན་ཁང་གི་འགན་ཁུར་མི་སྣ་དང་ལས་སྒོའི་རྐང་འཛིན་མི་སྣར་གསོ་སྦྱོང་བྱས།

གསོ་སྦྱོང་གི་སྐབས་སུ།    རུ་ཁག་སོ་སོའི་ལས་སྒོའི་མི་དམངས་ཉེན་རྟོག་པས་མགྲོན་ཁང་གི་སྦྱིན་བདག་རྣམས་ལ་ལས་སྒོའི་ཤེས་བྱ་འགྲེལ་བཤད་བྱས་པ་དང་།  སྔོན་ཆད་བྱུང་མྱོང་བའི་གྱོད་གཞི་དང་ཐུན་ཏེ་རྫོང་གི་དངོས་ཡོད་གནས་ཚུལ་གཉིས་ཟུང་འབྲེལ་བྱས་ནས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གསོ་སྦྱོང་བྱས་པར་མ་ཟད།   སོ་སོར་རྫོང་ཡོངས་ཀྱི་མགྲོན་ཁང་གི་སྦྱིན་བདག་དང་མཉམ་དུ་མགྲོན་ཁང་གི་བདེ་སྲུང་དོ་དམ་འགན་འཁྲིའི་ཡི་གེ་དང་མེ་གསོད་བདེ་འཇགས་འགན་འཁྲིའི་ཡི་གེ་སོགས་བཀོད།