མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་གཅོང་ནད་འགོག་བཅོས་འཆར་འགོད་གཏན་འབེབས་བྱས་ཏེ་ཕྱིར་བཏོན།
2017.10.14 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 5

 ཉེ་ལམ།    མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་གཅོང་ནད་འགོག་བཅོས་འཆར་འགོད་དཔར་ནས་བཀྲམས།

འཆར་འགོད་ནང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ།   མཚོ་སྔོན་ཞིང་ཆེན་གྱི་གཅོང་ནད་འགོག་བཅོས་བྱ་བས་མི་དམངས་མང་ཚོགས་ཀྱི་བདེ་ཐང་དཀྱིལ་སྙིང་དུ་འཛིན་པ་དང་སྔོན་འགོག་ལ་དྲན་སྐུལ་བྱེད་རྒྱུ་གཙོ་བོར་བཟུང་ནས་སྲིད་གཞུང་གིས་སྣེ་ཁྲིད་བྱེད་པ་དང་སྡེ་ཁག་སོ་སོས་འགན་ཁུར་བ།   སྤྱི་ཚོགས་ཡོངས་མཐུན་སྦྱོར་བྱེད་པའི་འགོག་བཅོས་ནང་རྐྱེན་འཛུགས་པ།  ཡུལ་བབ་དང་བསྟུན་པ།    རིགས་བགར་ཏེ་མཛུབ་སྟོན་བྱེད་པ།   བརྟན་འཇགས་ངང་སྐུལ་འདེད་གཏོང་བའི་གཅོང་ནད་འགོག་བཅོས་ཐབས་ཇུས་རྒྱུན་འཁྱོངས་བྱེད་དགོས།  གཅིག་ནས་གཅོང་ནད་ཀྱི་གནས་གཏན་སྨན་བཅོས་སྡེ་ཁག་གི་སྨན་བཅོས་ཆ་རྐྱེན་ལེགས་བཅོས་བྱས་ཏེ་ནད་པས་ནད་སྟོན་པར་སྟབས་བདེ་བསྐྲུན་དགོས།   གཉིས་ནས་ཆེད་ལས་མི་སྣའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས་བྱ་བའི་དཔྱད་ཞིབ་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།    གསུམ་ནས་གཅོང་ནད་ནད་པའི་ཞིབ་བཤེར་བྱ་བར་ཤུགས་བསྣན་ནས་གཅོང་ནད་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་དགོས།  བཞི་ནས་གཅོང་ནད་སྨན་བཅོས་བྱེད་ཐབས་ཚད་ལྡན་དུ་བཏང་ནས་ཀྲུང་ལུགས་སྨན་རྫས་ཀྱི་སྨན་བཅོས་བྱེད་ཐབས་དང་ནུས་པ་འདོན་སྤེལ་བྱེད་དགོས།    ལྔ་ནས་དབུལ་ཕོངས་ནད་པའི་རོགས་སྐྱོབ་བྱ་བ་བཟང་བོར་སྒྲུབ་སྟེ་དོན་དངོས་དང་མཐུན་པའི་སྒོ་ནས་ནད་པའི་སྨན་བཅོས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་དགོས།  དྲུག་ནས་རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་ནས་རིགས་སོ་སོའི་འགོག་བཅོས་བྱེད་ཐབས་དོན་འཁྱོལ་བྱེད་པར་འགན་སྲུང་བྱེད་དགོས་པ་སོགས་ཀྱི་རེ་བ་བཏོན་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན།   གོ་རིམ་རྗེས་མར།  མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་དང་ནོར་སྲིད་ཐིན།    སློབ་གསོ་ཐིན་སོགས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་འགོག་བཅོས་མ་ལག་དང་སྨན་བཅོས་འགན་སྲུང་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་ནུས་ལྡན་བྱེད་ཐབས་སྤྱད་དེ་མཚོ་སྔོན་ཞིང་ཆེན་གྱི་གཅོང་ནད་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བཏང་སྟེ་མང་ཚོགས་ཀྱི་གཅོང་ནད་སྨན་བཅོས་བྱེད་པའི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་དུས་ལྟར་འཆར་འགོད་ཀྱི་རིགས་སོ་སོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་དགོས་ཟེར།