མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གིས་མང་ཚོགས་སྒྲོག་འགྲེལ་བྱ་འགུལ་སྤེལ་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱས།
2017.10.15 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 9

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གིས་ནུས་ལྡན་བྱེད་ཐབས་མང་པོ་སྤྱད་དེ་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ།  འཐབ་ཇུས་གསར་བ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་གཉིས་ཟུང་འབྲེལ་བྱས་ཏེ་སྒྲོག་འགྲེལ་བྱེད་པ་དང་ཕུགས་བསམ་མངོན་འགྱུར་བྱས་པའི་ཀྲུང་གོ་བ་ཞེས་པའི་མང་ཚོགས་སྒྲོག་འགྲེལ་བྱ་འགུལ་སྤེལ་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་འཚོགས་པར་མཐུན་སྒྲིལ་ཡར་ཐོན་གྱི་གླེང་ཕྱོགས་ཀྱི་སྣང་ཚུལ་བཟང་བོ་བསྐྲུན།

གུང་ཧོ་རྫོང་ཏང་ཨུའི་ཏང་གི་སློབ་གྲྭའི་སྒྲོག་འགྲེལ་ཚོགས་པས་སེམས་ཞིབ་མོས་གྲ་སྒྲིག་བྱས་པ་དང་མང་ཚོགས་ཀྱིས་གོ་སླ་བ་དང་རྒྱུས་ལོན་བྱེད་སླ་བའི་སྐད་ཆ་སྤྱད་དེ་སྒྲོག་འགྲེལ་བྱས་པ་དང་རྫོང་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་རིག་རྩལ་སྒྲོག་འགྲེལ་ཚོགས་པ་རྩ་འཛུགས་བྱས་ཏེ་གླུ་གར་དང་རྡུང་ལེན་སོགས་མང་ཚོགས་ཉན་དགའ་ཞིང་ལྟ་སྤྲོ་བའི་རིག་རྩལ་འཁྲབ་སྟོན་གྱི་རྣམ་པས་སྒྲོག་འགྲེལ་བྱས་ཏེ་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་གུང་ཧོ་རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་མངོན་པར་བྱས།    རྫོང་ལས་བྱེད་པ་རྒན་པའི་ཅུའུ་ཡིས་ལས་འཁྱུར་ངལ་གསོ་བྱས་པའི་ཏང་ཡོན་རྒན་པ་དང་ལས་བྱེད་པ་རྒན་པའི་སྒྲོག་འགྲེལ་ཚོགས་པ་རྩ་འཛུགས་བྱས་ཏེ་ལས་ཁུངས་དང་ཞིང་སྡེ།  གཞིས་ཁུལ་སོགས་སུ་སོང་ནས་སྒྲོག་འགྲེལ་བྱ་འགུལ་སྤེལ་བ་དང་།   ཏང་ཡོན་རྒན་པ་དང་ལས་བྱེད་པ་རྒན་པ་རྣམས་ཀྱིས་རང་རང་གི་མྱོང་ཚོར་ལ་བརྟེན་ནས་སྲིད་ཇུས་དང་འཕེལ་རྒྱས།  འགྱུར་ལྡོག་བཅས་ངོ་སྤྲོད་བྱས།   རྫོང་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་གིས་སློབ་ཆེན་སློབ་མའི་དང་བླངས་པ་རྩ་འཛུགས་བྱས་ཏེ་སློབ་གྲྭ་དང་གཞི་རིམ་དུ་སོང་ནས་སྒྲོག་འགྲེལ་བྱ་འགུལ་སྤེལ།    རྫོང་སྤྱིའི་བཟོ་ཚོགས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་མང་ཚོགས་ཀྱི་སྒྲོག་འགྲེལ་ཚོགས་པ་རྩ་འཛུགས་བྱས་ནས་རོང་འབྲོག་ཁུལ་དང་ཁེ་ལས།    གཞིས་ཁུལ་བཅས་སུ་སོང་ནས་སྒྲོག་འགྲེལ་བྱས་པ་དང་རོང་འབྲོག་མང་ཚོགས་དག་ལ་ལྗང་མདོག་དཔལ་ཡོན་དང་འཆམ་མཐུན་འབྱོར་འབྲིང་གི་གུང་ཧོ་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་སྟོབས་ཤུགས་འབུལ་དགོས་པའི་སྐུལ་མ་བཏང་།