མདོ་ལ་རི་བོའི་རི་ཆུ་ནགས་གསུམ་དང་ཞིང་ས་དང་མཚེའུའི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་ཚོད་ལྟ་བྱ་བའི་མཚོ་བྱང་ལས་གཞི་དངོས་སུ་སྤེལ་མགོ་བརྩམས།
2017.10.15 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 6

 ཟླ་བཅུ་བའི་ཚེས་བཅུ་གཉིས་ཉིན།    མཚོ་སྔོན་ཞིང་ཆེན་མདོ་ལ་རི་བོའི་རི་ཆུ་ནགས་གསུམ་དང་ཞིང་ས་དང་མཚེའུའི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་ཚོད་ལྟ་བྱ་བའི་མཚོ་བྱང་ལས་གཞི་སྤེལ་མགོ་རྩོམ་པའི་མཛད་སྒོ་མིན་ཡོན་རྫོང་ནས་སྤེལ།

མདོ་ལ་རི་བོ་ནི་རང་རྒྱལ་གྱི་སྐྱེ་ཁམས་དང་ཆུ་ཁུངས་སྐྱིལ་གསོག་བྱེད་གནས་གཙོ་བོ་ཞིག་ཡིན་ལ།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད།    ད་ལོའི་ཟླ་ལྔ་བར།   རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མདོ་ལ་རི་བོའི་རི་ཆུ་ནགས་གསུམ་དང་ཞིང་ས་དང་མཚེའུའི་སྲུང་སྐྱོབ་སླར་གསོ་བཟོ་སྐྲུན་དེ་རྒྱལ་ཡོངས་ཀྱི་སྐོར་གཉིས་པའི་རི་ཆུ་ནགས་གསུམ་དང་ཞིང་ས་དང་མཚེའུའི་སྲུང་སྐྱོབ་སླར་གསོ་ཚོད་ལྟ་བྱ་བའི་ཁྱབ་ཁོངས་ཁྲོད་འཇོག་པར་ཆོག་མཆན་བཀོད།    མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་ལས་གཞི་ལག་བསྟར་བྱས་པ་དེས་མདོ་ལ་རི་ཁུལ་གྱི་སྐྱེ་ཁམས་ཇེ་ཞན་དུ་འགྲོ་བའི་དངོས་ཡོད་གནད་དོན་ནུས་ཡོད་སྒོས་ཐག་གཅོད་བྱེད་ཐུབ་པ་དང་ཁུལ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་དང་དཔལ་འབྱོར་སྤྱི་ཚོགས་མཐུན་སྦྱོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ།   ཁུལ་ཁོངས་ཀྱི་སྐྱེ་ཁམས་ཞབས་ཞུའི་མ་ལག་མཐོར་འདེགས་བཏང་སྟེ་དོན་དངོས་དང་མཐུན་པའི་སྒོ་ནས་ནུབ་བྱང་ས་ཁུལ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་འགན་སྲུང་བྱེད་ཐུབ།

མདོ་ལ་རི་བོའི་རི་ཆུ་ནགས་གསུམ་དང་ཞིང་ས་དང་མཚེའུའི་སྲུང་སྐྱོབ་སླར་གསོ་ཚོད་ལྟ་བྱ་བའི་མཚོ་བྱང་ལས་གཞི་སྤེལ་མགོ་བརྩམས་པ་དེས་མཚོ་བྱང་ས་ཁུལ་གྱི་སྐྱེ་ཁམས་སླར་གསོ་དང་ཐོན་ལས་སྒྲིག་གཞི་ལེགས་སྒྲིག   མང་ཚོགས་དབུལ་ཐར་ཕྱུག་སྒྱུར་བྱེད་པར་སྐུལ་འདེད་བཏང་ནས་མགྱོགས་མྱུར་གྱིས་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན།