ཞོན་ཧྭ་རྫོང་བིས་མདོ་ཞང་གིས་ཏང་ཡོན་དཀྱིལ་སྙིང་ཁྱིམ་ཚང་སྐྲུན་ནས་ཏང་ཡོན་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བར་ཡར་སྐུལ་བྱས།
2017.10.18 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 8

ཞོན་ཧྭ་རྫོང་བིས་མདོ་ཞང་གིས་གཞི་རིམ་ཏང་ཡོན་ཁག་ཅིག་གིས་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་པ་མངོན་གསལ་མིན་པ་དང་། སྡེ་བ་རིམ་པའི་ཏང་རྩ་འཛུགས་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བ་མི་འདང་བའི་གནད་དོན་ལ་ཁ་གཏད་ནས། ཏང་ཡོན་གྱི་དཀྱིལ་སྙིང་ཁྱིམ་ཚང་སྐྲུན་ནས། ཏང་ཡོན་གྱིས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པ་དང་ཞབས་འདེགས་ཞུ་བའི་བྱ་བའི་དཀའ་གནད་སེལ།

ཕྱོགས་གཅིག་ཏུ་འདུ་བ་དང་འདུས་སྡོད་བྱེད་པ། བྱ་འགུལ་སྤེལ་བདེ་བ་སོགས་ཀྱི་རྩ་དོན་གཞིར་བཟུང་ནས་བྱེད་ཕྱོགས་གསུམ་གྱིས་ཏང་ཡོན་དཀྱིལ་སྙིང་ཁྱིམ་ཚང་ཚད་ལྡན་དུ་འཛུགས་སྐྲུན་བྱས་ནས། སྡེ་བའི་ནང་གི་ཁྱིམ་ཚང་གཅིག་གིས་ཏང་ཡོན་བཞི་ལྔ་ལྷག་ལ་འབྲེལ་གཏུག་བྱེད་པ་དང་། ཁྱིམ་ཚང་གསུམ་ནས་ལྔ་ཡིས་ཚད་གཞི་མཐོ་བའི་སྒོ་ནས་ཏང་གཤིས་ཀྱི་འདུ་ཤེས་དྲག་ལ། ཀུན་སྤྱོད་ཀྱི་སྤུས་ཚད་བཟང་བ། རིག་གནས་ཆུ་ཚད་མཐོ་བ། མང་ཚོགས་ཀྱི་ཡིད་རྟོན་བཟང་བ། བློས་གཏོང་གི་སྙིང་སྟོབས་ལྡན་པ་སོགས་ཀྱི་བྱ་བ་སྒྲུབ་ནས། སྐུལ་ཁྲིད་ཀྱི་ནུས་པ་ཐོན་པའི་ཏང་ཡོན་ཁྲོད་དུ་དཀྱིལ་སྙིང་ཏང་ཡོན་ཁྱིམ་ཚང་འཛུགས་སྐྲུན་བྱས། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁྲོད་ནས་མང་ཚོགས་ལ་བྱ་བ་སྒྲུབ་པའི་ནུས་པ་བཟང་ཞིང་ཕྱོགས་བསྡུས་སྤུས་ཚད་མཐོ་བའི་དཀྱིལ་སྙིང་གི་ཏང་ཡོན་བདམས་ནས་ཏང་ཡོན་ཁྱིམ་ཚང་དུ་འཛུགས་སྐྲུན་བྱས།

ད་ལོའི་ཟླ་ལྔ་བ་ནས་བཟུང་སྟེ་ཞང་ཏང་ཨུས་བརྟན་འཇགས་ཀྱིས་ཏང་གི་ཉིན་མོ་གཏན་འཁེལ་བྱས་ནས་ཟླ་རེར་ཧུར་ཐག་གིས་ཏང་ཡོན་གྱིས་མང་ཚོགས་ལ་འབྲེལ་གཏུག་བྱེད་པའི་ཞབས་ཞུ་སྤེལ་ཏེ། དོན་སྙིང་གལ་ཆེན་དང་ཏང་ཡོན་གྱི་དཀྱིལ་སྙིང་ཁྱིམ་ཚང་གི་སྒྲིག་འཛུགས་རྣམ་པ་སྒྲོག་འགྲེལ་བྱས་ནས། ཁྱིམ་རེ་ནས་ཤེས་པའི་མཁའ་དབུགས་སྟུག་པོ་ཞིག་ཆགས་པར་བྱས།

ཏང་ཡོན་གྱིས་རང་ངོས་ནས་འོས་སྦྱོར་བྱེད་པ་དང་། ཏང་རྩ་འཛུགས་ཀྱིས་འོས་སྦྱོར་བྱེད་པ། ཏང་ཡོན་དང་སྡེ་དམངས་ཀྱིས་མཉམ་དུ་འོས་སྦྱོར་བྱེད་པ། ཞང་ཏང་ཨུས་ཞིབ་བཤེར་བྱེད་པ་སོགས་ཀྱི་གོ་རིམ་བརྒྱུད་ནས། ཏང་ཡོན་དཀྱིལ་སྙིང་ཁྱིམ་ཚང་འཛུགས་སྐྲུན་གྱི་སྤྱི་བསྒྲགས་བྱང་ལེབ་ལས་ཤིང་། དེ་ལས་སྤྱི་བསྒྲགས་བྱས་ཏེ་མང་ཚོགས་ཀྱིས་ཤེས་རྟོགས་བྱེད་པའི་ཚད་དང་། བྱ་བའི་མངོན་གསལ་རང་བཞིན་ཇེ་ཆེར་བཏང་། ཞང་ཏང་ཨུས་ཏང་ཡོན་དཀྱིལ་སྙིང་ཁྱིམ་ཚང་གཏན་འཁེལ་བྱས་རྗེས་སུ། གཅིག་གྱུར་གྱིས་བིས་མདོ་ཞང་ཏང་ཡོན་དཀྱིལ་སྙིང་ཁྱིམ་ཚང་གི་འཛིན་ཡིག་བྱིན་ནས་དཀྱིལ་སྙིང་ཁྱིམ་ཚང་ལ་དངུལ་གྱི་རྟགས་མ་དང་གཟེངས་བསྟོད་རྟགས་མ་བྱིན་ནས། འགན་འཁུར་གྱི་འདུ་ཤེས་དང་གཟི་བརྗིད་ཀྱི་ཚོར་བ་ཇེ་ཆེ་རུ་བཏང་། དུས་མཉམ་དུ་ཏང་ཡོན་དཀྱིལ་སྙིང་ཁྱིམ་ཚང་གི་ཚད་ལྡན་དཔང་ཡིག་དང་སྒོ་བྱང་ལ་དོ་དམ་བྱས་ནས། དུས་ཚོད་གཏན་འཁེལ་གྱིས་གསོ་སྦྱོང་དང་། མང་ཚོགས་ལ་འབྲེལ་གཏུག་བྱེད་པ། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ལ་རོགས་འདེགས་བྱེད་པ་སོགས་ཀྱི་ཕྱོགས་ནས་ཏང་ཡོན་དཀྱིལ་སྙིང་ཁྱིམ་ཚང་གི་འཛུགས་སྐྲུན་ལ་དོ་དམ་བྱ་བའི་ལམ་ལུགས་བཙུགས་ནས། བྱ་བ་ཚད་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ།