ཐུན་ཏེ་རྫོང་གིས་ཏང་ཡོན་དཀའ་ངལ་ཅན་གྱི་དཀའ་ངལ་སེལ་རོགས་བྱས།
2017.10.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་ཏང་ནང་སྐུལ་སློང་དང་སེམས་ཁུར། རོགས་སྐྱོར་བཅས་ཀྱི་སྒྲིག་གཞི་བཙུགས་པ་ནས་བཟུང་། ནན་ཏན་སྒོས་འབྲེལ་ཡོད་ཆོད་དོན་ལག་བསྟར་དོན་འཁྱོལ་ཡོང་བར་བྱས་ཏེ། བསམ་བློ་དང་འཚོ་བའི་སྟེང་ནས་དཀའ་ངལ་ཅན་གྱི་ཏང་ཡོན་ལ་སེམས་ཁུར་དང་རོགས་སྐྱོར་བྱས་པས། དཀའ་ངལ་ཅན་གྱི་ཏང་ཡོན་གྱི་དགའ་བསུ་ཐོབ།

ད་ལོར་ཐུན་ཏེ་རྫོང་གིས་མི་སྒེར་གྱི་རེ་ཞུ་དང་གཞི་རིམ་རྩ་འཛུགས་ཀྱི་ཞིབ་བཤེར་གཏན་འབེབས་སྤྱི་བསྒྲགས།དེ ར་མ་ཟད་ཏང་ནང་གི་སེམས་ཁྲལ་རོགས་སྐྱོར་མ་དངུལ་དོ་དམ་འགོ་ཁྲིད་ཚན་ཆུང་གི་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། མཉམ་དུ་ནད་རྐྱེན་དང་དོན་རྐྱེན། བུ་ཕྲུག་སློབ་གྲྭར་བསྐྱལ་ན་འཚོ་བར་དཀའ་ངལ་ཆེ་བའི་ཏང་ཡོན་བརྒྱ་དང་རེ་བརྒྱད། དགུང་ལོ་བདུན་ཅུ་ཡན་གྱི་ཏང་ཡོན་རྒན་པ་བརྒྱ་དང་བཅུ་ལ་འཚམས་འདྲི་དང་འཚམས་འདྲིའི་དངུལ་བྱིན་ཏེ། ཏང་ཡོན་དཀའ་ངལ་ཅན་གྱི་དཀའ་ངལ་སེལ་རོགས་བྱས། དེ་དང་མཉམ་དུ་ཐུན་ཏེ་རྫོང་གིས་ཧུར་ཐག་གིས་མཉམ་དུ་འཚམས་འདྲི་བྱེད་པའི་བྱ་འགུལ་སྤེལ་ནས་རྫོང་ཡོངས་ཀྱི་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་བཅུའི་ཚན་ཁག་བརྒྱ་དང་ང་བརྒྱད་ལ་འཚམས་འདྲི་བྱས། མཚམས་འདྲིའི་བྱ་འགུལ་སྤེལ་བ་བརྒྱུད་ཏང་ཡོན་རྒན་པ་དང་འཚོ་བར་དཀའ་ངལ་ཆེ་བའི་ཏང་ཡོན་རྣམས་ཀྱི་བྱ་བར་འགན་ཁུར་བའི་སེམས་ཤུགས་སོགས་ཇེ་ཆེར་སོང་བ་མ་ཟད། ཏང་རྩ་འཛུགས་ཀྱི་གཅིག་སྒྲིལ་ནུས་ཤུགས་སྔར་ལས་མཐོ་རུ་སོང་།

ཡིག་སྒྱུར་བ།  ཉི་མ་ཚེ་རིང་།