ཟླ་བཅུ་བའི་ཚེས་བཅུ་གསུམ་ཉིན། ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་ཆེད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཁུལ་ཡོངས་ཀྱི་དྲིལ་སྒྲོག་སྡེ་ཁག་གི་ལས་བྱེད་མི་སྣ་བཞི་བཅུ་རྩ་འཛུགས་བྱས་ཏེ་པདྨ་རྫོང་གི་དམར་དམག་ལུང་བ་རུ་སོང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་པའི་ཡང་བསྐྱར་དམར་དམག་རྒྱང་སྐྱོད་ཀྱི་ལམ་དུ་སྐྱོད་པ་དང་ཏང་ནང་དུ་ཞུགས་པའི་མནའ་ཚིག་ལ་བསྐྱར་སྦྱོང་བྱེད་ཅེས་པའི་ཏང་གི་ཉིན་མོའི་བྱ་འགུལ་སྤེལ།
པདྨ་རྫོང་དམར་དམག་དྲན་གསོ་ཁང་དུ། ཐེངས་འདིའི་བྱ་འགུལ་ལ་ཞུགས་པའི་ལས་བྱེད་མི་སྣ་ཡོངས་ཀྱིས་པདྨ་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཚོ་ཅོན་ཧྲན་གྱི་འགྲེལ་བཤད་ལ་ནན་ཏན་སྒོས་ཉན་པ་དང་སེམས་ཞིབ་མོས་ལྟ་ཞིབ་བྱས་པར་མ་ཟད། འབྲེལ་ཡོད་གནས་ཚུལ་ཞིབ་འདྲི་བྱས།
ཚང་མས་ལང་ལོང་གིས་བསྟན་དོན། ཐེངས་འདིའི་བྱ་འགུལ་ནི་སྐྱེ་སྟོབས་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་སློབ་གསོའི་ཏང་གི་སློབ་ཁྲིད་ཅིག་ཡིན། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་ཏང་ནང་ཞུགས་པའི་མནའ་ཚིག་དང་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ་དང་ཕུགས་བསམ་འདུ་ཤེས་ཇེ་བརྟན་དུ་གཏོང་བ། སྔར་ལས་ལྷག་པའི་སྒོ་ནས་ཏང་གི་སྲོལ་རྒྱུན་བཟང་བོ་དང་དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཚད་མཐོན་པོའི་འགན་འཁྲིའི་འདུ་ཤེས་དང་བརྩེ་སེམས་ཟབ་མོས་རང་གི་འགན་འཁྲིའི་བྱ་བར་རྐང་འཛུགས་པ་དང་རང་འགུལ་གྱིས་ཏང་ནང་ཞུགས་པའི་མནའ་ཚིག་རེ་རེ་ལག་བསྟར་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་སྣེ་ཁྲིད་དུ་བྱས་ཏེ་སྒྱུར་བ་བཞི་མགོ་ལོག་ཁུལ་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་བྱེད་པ་དང་། ཐོག་མའི་སེམས་འདུན་མི་བརྗེད་པར་འགུལ་སྐྱོད་དངོས་ཀྱི་སྟེང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་འཚོགས་པར་བསུ་མ་བྱས་ཏེ་མགོ་ལོག་གི་དཔལ་འབྱོར་སྤྱི་ཚོགས་སྔར་ལས་མགྱོགས་པོས་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་གསར་བ་འཇོག་ངེས་ཡིན་ཟེར།