རྩེ་ཁོག་རྫོང་གི་ལས་རིགས་སོ་སོ་དང་རྒྱ་ཆེའི་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་ཚོགས་པར་དོ་སྣང་ཆེན་པོ་བྱས།
2017.10.18 ཁུངས། རྩེ་ཁོག་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས། 9

རྩེ་ཁོག་རྒྱང་སྒྲོག་བརྙན་འཕྲིན་ཁང་ནས་འབྱོར་བའི་གནས་ཚུལ།
ཟླ10པའི་ཚེས18ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་རྫོང་ཐད་གཏོགས་ལས་ཁུངས་སོ་སོ་དང་། ཁེ་ལས་ཚོགས་པ་དང་སློབ་གྲྭ་ཆེ་འབྲིང་། ཞང་དང་གྲོང་རྡལ་སོ་སོའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་ཡུན་རིང་རེ་སྒུག་བྱས་པའི་ཏང་གི་ཚོགས་ཆེན་བཅུ་དགུ་པ་ཚོགས་འགོ་བརྩམས་པར་དོ་སྣང་ཆེན་པོ་བྱས།
IMG_5191.jpg

IMG_5210.jpg

རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་སྔ་གཞུག་བརྩད་དེ་བརྙན་འཕྲིན་དང་རྒྱང་སྒྲོག དྲ་རྒྱ་སོགས་ལས་ཏང་གི་ཚོགས་ཆེན་བཅུ་དགུ་པ་གཟབ་རྒྱས་ངང་ཚོགས་འགོ་བརྩམས་པའི་ཡུལ་དངོས་ལ་བལྟས་ཤིང་། བློ་རྩེ་གཅིག་སྒྲིམ་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུལ་བའི་ཚོགས་འདུའི་སྙན་ཞུ་ལ་ཉན།
IMG_5106.jpg

IMG_5114.jpg

རྩེ་ཆུ་གྲོང་རྡལ་བྱ་དར་སྡེ་བའི་སྡེ་དཔོན་རིག་འཛིན་བཀྲ་ཤིས་ཀྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་གྱི་དབུལ་བཅོས་ཕྱུག་འགྱུར་དང་སྐྱེ་ཁམས་འཛུགས་སྐྲུན། མཉམ་ལས་སྨན་བཅོས་སོགས་ཕྱོགས་ཡོངས་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕེལ་རྒྱས་བྱུང་ཞིང་། མཁར་གྲོང་འཕེལ་རྒྱས་དང་ཞིང་གྲོང་འཛུགས་སྐྲུན་སོགས་ཕྱོགས་གང་ལའང་དུས་རབས་རང་བཞིན་གྱི་འཕེལ་རྒྱས་གསར་བ་བྱུང་ཡོད། གནད་འགག་གི་སྐབས་འདིར་ཏང་གི་ཚོགས་ཆེན་བཅུ་དགུ་པ་ཚོགས་པ་ནི་ལོ་རྒྱུས་ཀྱི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པའི་རླབས་ཆེན་གྱི་བྱ་བཞག་ཅིག་ཡིན་པར་མ་ཟད། ཀྲུང་གོའི་བསྐྱར་དར་དང་འདུན་མ་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་མཆོང་སྐྱོད་ཐེངས་ཤིག་ཡིན་པར་འདོད།

ཚང་མས་བལྟས་ན“ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་གྱི་ལོ་ངོ་ལྔའི་རིང་། ང་ཚོའི་སྡེ་བར་མཚོན་ན། ཁྱིམ་ཚང་རེ་རེར་ཆུ་གློག་ལམ་གསུམ་ཡོད་པར་མ་ཟད། མཉམ་ལས་སྨན་བཅོས་དང་རྩྭ་སའི་ཁ་གསབ་རོགས་དངུལ། དབུལ་བཅོས་ཕྱུག་འགྱུར་སོགས་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་ཡོད་པས་ང་ཚོ་དབུལ་བོ་ལས་ཐར་མི་ཐུབ་པའི་གནས་ལུགས་གང་ཡང་མེད་ལ། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པས་ང་ཚོར་སྔར་ལས་ལྷག་པའི་དམངས་ཕན་སྲིད་ཇུས་སྣ་ཚོགས་དངོས་འབེབས་བྱས་ཏེ། རང་རྒྱལ་འདི་ཉིད་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཕྱོགས་གང་ཐད་ནས་འཛམ་གླིང་གི་ཡང་རྩེར་སླེབས་པར་ཡིད་ཆེས་བརྟན་པོ་ཡོད”ཟེར།
IMG_5143_副本.jpg

IMG_5200.jpg

བྱ་དར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་མགོན་རྒྱལ་གྱིས་བཤད་རྒྱུར“ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་། ང་ཚོའི་སྡེ་བའི་ཆུ་གློག་ལམ་གསུམ་དང་ཕྱིའི་འཛུགས་སྐྲུན་སོགས་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕེལ་རྒྱས་ཆེན་པོ་བྱུང་ཡོད། དེ་རིང་འདི་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འགོ་ཚུགས་མཛད་སྒོ་ལ་བལྟས་ན། ཏང་ཀྲུང་དབྱང་གི་མ་འོངས་པའི་ལོ་ལྔའི་རིང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། ཐབས་ཇུས་གསར་བ་སོགས་ལ་རྒྱུས་ལོན་ངེས་ཅན་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་བཟང་པོ་དང་དྲིལ་སྒྲོག་ལེགས་པོ་བྱས་ནས། སྡེ་བའི་མང་ཚོགས་ཡོངས་ཀྱི་སྣེ་ཁྲིད་དེ་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་དུ་བསྐྱོད་པར་སྔར་ལས་ལྷག་པར་འབད་པ་བྱེད་རྒྱུ་ཡིན”ཟེར།

རྩེ་ཁོག་རྫོང་མཁར་དང་ཞང་གྲོང་སོ་སོ། སྡེ་དམངས་ཨུ་ཡོན་ལྷན་ཁང་དང་འབྲོག་ཁྱིམ་རེ་རེས་རྒྱལ་དར་འགེལ་བ་དང་ཁ་གཡང་གི་ཤིས་ཚིག་སྦྱོར་བ། གླུ་གར་གྱི་རོལ་རྩེད་བྱེད་པ་སོགས་བྱ་འགུལ་སྣ་ཚོགས་སྤེལ་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་ཚོགས་ཏེ་རྒྱལ་ཁའི་ངང་གྲོལ་བར་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་འདུག
 

IMG_5220.jpg