རྩེ་ཁོག་རྫོང་གི་དགེ་སློབ་སྟོང་བཞི་ལྷག་གིས་ཡིད་ཆེས་དང་བརྩེ་བ་ཟབ་མོས་ཏང་གི་ཚོགས་ཆེན་བཅུ་དགུ་བ་ཚོགས་འགོ་བརྩམས་པའི་ཡུལ་དངོས་ཐད་གཏོང་ལ་བལྟས།
2017.10.20 ཁུངས། རྩེ་ཁོག་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས། 14

ཟླ་བཅུ་པའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོ། ཡུན་རིང་རེ་སྒུག་བྱས་པའི་“ཏང་གི་ཚོགས་ཆེན་བཅུ་དགུ་པ”དེ་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས་ཤིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་བྱ་བའི་སྙན་ཞུ་ཕུལ།

གནས་ཚུལ་འདི་འཛམ་གླིང་ཧྲིལ་བོས་དོ་སྣང་བྱེད་དགོས་པའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ཏུ་གྱུར་བ་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་དགེ་སློབ་སྟོང་བཞི་ལྷག་གིས་ཀྱང་ཡིད་ཆེས་དང་བརྩེ་བ་ཟབ་མོས་ཏང་གི་ཚོགས་ཆེན་བཅུ་དགུ་པ་ཚོགས་འགོ་བརྩམས་པའི་ཡུལ་དངོས་ཐད་གཏོང་ལ་བལྟས།

ཚང་མས་བལྟས་ན། འདས་ཟིན་པའི་ལོ་ངོ་ལྔ་ཡི་རིང་། རང་རྒྱལ་གྱི་ལས་རིགས་སོ་སོའི་སྟེང་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕོ་འགྱུར་གསར་པ་བྱུང་ཞིང་། ལྷག་པར་དུ་མི་རིགས་སློབ་གསོའི་བྱ་བར་ཐོལ་བརྒལ་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་ཐོབ་ཡོད། སློབ་གསོའི་སྡེ་ཁག་གི་བྱ་སྒྲུབ་མི་སྣ་ཞིག་ལ་མཚོན་ནས་བཤད་ན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཡང་དག་པའི་མཛུབ་སྟོན་བསམ་བློ་དང་སྣེ་ཁྲིད་འོག་ཏུ། ང་ཚོས་བློ་གཅིག་སེམས་གཅིག་དང་ཡིད་ཆེས་བརྟན་པོའི་ངང་མི་རིགས་སློབ་གསོའི་ལས་དོན་ལ་རང་གི་ཡོད་ཚད་ཕུལ་ཏེ། རང་རྒྱལ་འདི་ཉིད་དཔལ་ཡོན་དང་ཤེས་རིག་ལྡན་པའི་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

གསར་འགོད་པ། རྩེ་ཁོག་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཁྱུང་ཐར་རྒྱལ།