ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན། མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ཐོར་རྒན་གཞིས་ཁྱིམ་བྱ་འགུལ་ཁང་གི་ནང་དུ་ལུས་ལ་འཕྱོར་ལྭ་སྤྲས་པའི་སོག་རིགས་མང་ཚོགས་ཀྱིས་བཀང་ཡོད།
ལོ་ལྔ་བཅུ་ལ་བུད་པའི་ཨ་མྱེས་རིན་ཆེན་གྱིས་བཤད་པ་ལྟར་ན། ཁོ་ཚོས་སྔ་མོ་ནས་ཉིན་འདིར་ཚོགས་ཆེན་བཅུ་དགུ་བའི་གཟབ་རྒྱས་གནས་ཚུལ་ལ་ལྟ་བར་དུས་བཅད་བྱས་ཡོད། འདི་ནི་ཏང་གི་དོན་ཆེན་རེད་ལ། དམངས་ཀྱི་དོན་ཆེན་ཡང་རེད། ང་རང་ཉིད་ཀྱིས་དངོས་སུ་བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་གྱི་ལོ་ངོ་སུམ་ཅུ་དང་ལྷག་པར་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་དམངས་ཕན་སྲིད་ཇུས་སྣ་ཚོགས་དངོས་སུ་ཉམས་སུ་མྱངས་ནས་ཡོང་པ་རེད། ད་ལྟ་དབུལ་པོ་ལ་སྡོད་ཁང་ཡོད་ཅིང་བྱིས་པ་སློབ་གྲྭར་བསྐྱལ་བ། ལོ་ལོན་སྨན་པར་སྟོན་པ་སོགས་ཕྱོགས་གང་ལའང་འདང་རྒྱག་མེད། དེ་རིང་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྙན་ཞུ་ལ་ཉན་ན། ང་ཚོ་ཞིང་འབྲོག་མང་ཚོགས་ལ་ད་དུང་ཡང་རེ་བ་གསར་བ་དང་ངང་སྒུག་གསར་བ་ཡོད་འདུག་ཟེར།
དུས་ཚོད་དགུའི་སྟེང་དུ་ཚོགས་ཆེན་བཅུ་དགུ་བ་གཟབ་རྒྱས་ངང་ཚོགས་བྱུང་ལ། ཐོར་རྒན་གཞིས་ཁྱིམ་གྱི་བྱ་འགུལ་ཁང་ནང་དུ་མང་ཚོགས་ཚང་མས་སྨྲ་བ་མཚམས་བཞག་ཅིང་རང་འགུལ་གྱིས་ཚོགས་ཆེན་ལ་བལྟས་བྱུང་། ཁོ་ཚོ་མེས་རྒྱལ་གྱི་སྟོབས་འབྱོར་དང་ཏང་གི་མཛེས་སྡུག་གིས་སེམས་འགུལ་རབ་ཏུ་ཐེབས་ཏེ། སྡེ་དམངས་ཚང་མ་གཞི་གཅིག་ཏུ་འཛོམས་ནས་བློ་རྣལ་ལ་ཕབ་ནས་བལྟས་འདུག་ལ། ལས་བཟོ་བ་སྐོར་ཞིག་གིས་ལྟ་ཞོར་དང་ཟིན་བྲིས་འབྲི་ཞོར་བྱེད་ཀྱིན་འདུག
མང་ཚོགས་ཚང་མས་མགྲིན་གཅིག་ཏུ་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྙན་ཞུ་ཡིས་ང་ཚོར་མ་འོངས་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་བོར་བསྟན་ལ། རྗེས་ཕྱོགས་ཀྱི་འཚོ་བ་སྔར་ལས་བཟང་པར་ཡིད་ཆེས་ཀྱིས་ཁེངས་སུ་བཅུག་སོང་ཟེར།