ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན་གྱི་དུས་ཚོད་དགུའི་སྟེང་། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བ་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས་མགོ་བརྩམས་པ་དང་མཚོ་སྔོན་ཞིང་ཆེན་གྱི་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས་རྒྱ་ཆེའི་ལས་བྱེད་པ་རྩ་འཛུགས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་བ་ཚོགས་མགོ་བརྩམས་པའི་གནས་ཚུལ་ལ་བལྟས།
མཚོ་སྔོན་ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཡོངས་རྩ་འཛུགས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་བ་ཚོགས་མགོ་བརྩམས་པའི་གནས་ཚུལ་ལ་བལྟས་པ་དང་། སེམས་ཞིབ་མོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཕུལ་བའི་སྙན་ཞུར་ཉན་པར་མ་ཟད། བཞུགས་མོལ་ཚོགས་འདུ་བསྡུས་ཏེ་ཕན་ཚུན་བར་མྱོང་ཚོར་བརྗེ་རེས་བྱས།
ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་ལང་ལོང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་བ་ནི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་གནད་འགག་གི་དུས་རིམ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སྐྱོད་པའི་གནད་འགག་གི་དུས་སྐབས་སུ་བསྡུས་པའི་ཚོགས་ཆེན་ཧ་ཅང་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུལ་བའི་སྙན་ཞུར་ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན། འཐབ་ཇུས་རང་བཞིན། མཛུབ་སྟོན་རང་བཞིན་དྲག་པོ་ལྡན་པ་དང་ཏང་དང་རྒྱལ་ཁབ་ཀྱི་མ་འོངས་པའི་འཕེལ་རྒྱས་ཐད་འཆར་འགོད་བཟང་བོ་བྱས་ཡོད་པས་མི་སེམས་འགུལ་བ་ཞིག་རེད་ཟེར།
ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་གྱི་རྒྱ་ཆེའི་ལས་བཟོ་བ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུལ་བའི་སྙན་ཞུར་གཟབ་ནན་གྱིས་ཉན་རྗེས། གཅིག་གྱུར་སྒོས་སྙན་ཞུར་སློབ་སྦྱོང་བྱེད་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་ཡིན་ཟེར།
ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གི་ལས་བཟོ་བ་ཡོངས་ཀྱིས་བརྙན་འཕྲིན་དང་རྒྱང་སྒྲོག དྲ་རྒྱ་སོགས་ཀྱི་བྱེད་ཐབས་མང་པོ་སྤྱད་དེ་ཚོགས་ཆེན་བཅུ་དགུ་བ་ཚོགས་མགོ་བརྩམས་པའི་ཐད་གཏོང་གནས་ཚུལ་ལ་བལྟ་བ་དང་ཉན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གིས་ཕུལ་བའི་སྙན་ཞུར་གཟབ་ནན་གྱིས་ཉན། ལས་བྱེད་མི་སྣ་ཡོངས་ཀྱིས་ལས་ལོང་སྒོས་བསྟན་དོན། བསམ་བློ་དང་འགུལ་སྐྱོད་གཉིས་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་བྱ་བ་སྣ་ཚོགས་ལག་བསྟར་དོན་འཁྱོལ་བྱེད་པའི་སྒུལ་ཤུགས་གལ་ཆེན་དུ་བརྩིས་ཏེ་རང་གི་འགན་འཁྲིའི་བྱ་བ་བཟང་བོར་བསྒྲུབ་པ་དང་དོན་དངོས་དང་མཐུན་པའི་སྒོ་ནས་ཏང་ཡོན་དཔུང་སྡེའི་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་སྟེ་མཚོ་སྔོན་གྱི་འགྲིམ་འགྲུལ་འཛུགས་སྐྲུན་ལས་རིགས་འཕེལ་རྒྱས་ཐད་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།