རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་ཚོགས་འགོ་བརྩམས་པའི་གནས་ཚུལ་ཐད་གཏོང་ལ་བལྟས།
2017.10.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཚེས་བཅོ་བརྒྱད་ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འགོ་ཁྲིད་ལས་བྱེད་པ་དང་ཁུལ་ཨུའི་སྡེ་ཁག་གི་ལས་བྱེད་པ་ཡོངས་དང་། ལས་ཁྱུར་དང་ལས་བྲལ་ངལ་གསོ་བྱས་པས་ལས་བྱེད་པས་མཉམ་དུ་ཚོགས་ཆེན་བཅུ་དགུ་པ་ཚོགས་འགོ་བརྩམས་པའི་གནས་ཚུལ་ཐད་གཏོང་ལ་བལྟས། རྨ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཝང་ཀྲིན་ཁྲང་གིས་ཁུལ་ཡོངས་ཀྱི་སྡེ་ཁག་སོ་སོས་སྒྲོག་འགྲེལ་ཚན་ཁག་རྩ་འཛུགས་བྱས་ཏེ་ལས་ཁུངས་དང་གྲོང་གསེབ། ཁེ་ལས་བཅས་སུ་སོང་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་སྒྲོག་བྱས་ཏེ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བཀོལ་ནས་ཁུལ་ཡོངས་ཀྱི་ལས་དོན་ཁག་ལ་མཛུབ་སྟོན་དང་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

རྨ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་ནས་སློབ་གྲྭ་ཡོངས་ཀྱི་དགེ་སློབ་སྟོང་གཅིག་དང་ཉིས་བརྒྱ་དྲུག་ཅུ་ཡིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚོགས་འགོ་བརྩམས་པའི་གནས་ཚུལ་ཐད་གཏོང་ལ་བལྟས། དགེ་རྒན་རྣམས་ཀྱིས་འདས་ཟིན་པའི་ལོ་ལྔའི་ནང་རྨ་ལྷོ་
ཁུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་དང་། དམངས་ཕན་སྲིད་ཇུས་མང་པོ་ཞིག་སྔར་ལས་ལྷག་པའི་ལག་བསྟར་དོན་འཁྱོལ་བྱུང་བས། དགེ་རྒན་ཚོས་མུ་མཐུད་དུ་བཟོ་བོའི་སྙིང་རུས་དར་སྤེལ་བྱས་ཏེ་རྒྱལ་ཁབ་ལ་ཕན་པའི་མི་འཇོན་ནུས་ཅན་གསོ་སྐྱོང་བྱ་རྒྱུ་ཡིན་པའི་ཚུལ་བསྟན།

ཐུན་རིན་རྫོང་རོང་བོ་གྲོང་རྡལ་རོང་བོ་སྲང་ལམ་སྡོད་ཁུལ་ནས་སྡོད་དམངས་རྣམས་ཀྱིས་མཉམ་དུ་ཚོགས་ཆེན་བཅུ་དགུ་པ་ཚོགས་འགོ་བརྩམས་པའི་གནས་ཚུལ་ཐད་གཏོང་ལ་བལྟས། སྡོད་ཁུལ་གྱི་ལས་བྱེད་པ་ཧེ་ཕིན་གྱིས་ཏང་གི་ལས་བྱེད་ཅིག་ཡིན་ཕྱིར་ངེས་པར་དུ་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ལ་སློབ་སྦྱོང་བྱས་ཏེ། རྨ་ལྷོའི་དོན་དངོས་གནས་ཚུལ་དང་འབྲེལ་ནས་སྡོད་ཁུལ་བྱ་བ་དོན་འཁྱོལ་ཡོང་བར་བྱས་ནས། བཅོས་བསྒྱུར་གོང་འཕེལ་གཏོང་བའི་དོན་ཆེན་ལ་བརྩི་བཀུར་དང་རྒྱབ་སྐྱོར་སྒོས་མང་ཚོགས་ལ་ཞབས་འདེགས་ཞུ་དགོས་ཟེར། ཚོགས་ཆེན་འགོ་བརྩམས་པའི་མཛད་སྒོ་གྲོལ་རྗེས། མང་ཚོགས་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་ཏང་གི་དམངས་ཕན་སྲིད་ཇུས་འདིས་ཚང་མ་འབྱོར་ཕྱུག་གི་ལམ་དུ་བཅུག་པ་རེད། འདི་འདྲའི་སྲིད་ཇུས་བཟང་པོ་ཞིག་ཡོད་ན་རྗེས་ཕྱོགས་ཀྱི་འཚོ་བ་སྔར་བས་ཇེ་བཟང་དུ་འགྲོ་ངེས་ཞེས་བཤད།

ཡིག་སྒྱུར་བ། ཉི་མ་ཚེ་རིང་།