ཟླ10བའི་ཚེས18ཉིན་གྱི་སྔ་དྲོར། ཀུན་གྱིས་དོ་སྣང་བྱེད་པའི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་དེ་རྒྱལ་ས་པེ་ཅིང་དུ་གཟབ་རྒྱས་ངང་ཚོགས་པ་དང་། གཏམ་བཟང་འདི་གློག་རླབས་བརྒྱུད་ནས་ཙོང་ཆུའི་རྒྱུད་དུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ལ། མང་ཚོགས་ཚང་མས་མཉམ་དུ་བློ་རྩེ་གཅིག་སྒྲིམ་གྱིས་རླབས་ཆེན་གྱི་དུས་སྐབས་ཤིག་ལ་བདེན་དཔང་བྱས། “ཐོག་མའི་སེམས་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་དར་ཆ་མཐོར་པོར་སྒྲེང་བ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པར་བརྩོན་ལེན་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་པའི”སྐབས་འདིར་མཚོ་བོད་མཐོ་སྒང་གི་བུ་བུ་མོའི་སེམས་པ་རླབས་ཆེན་གྱི་ཏང་ལ་ཕྱོགས་ཡོད་པ་དང་། མཚོ་ཤར་གྲོང་ཁྱེར་གྱི་བུ་བུ་མོའི་སེམས་པ་ཏང་གི་ཚོགས་ཆེན་བཅུ་དགུ་པར་ཕྱོགས་ཡོད།
ཟླ10བའི་ཚེས་18ཉིན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་ཚོགས་མགོ་བརྩམས་པ་དེར་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུའུ་དང་ལི་ཏུའུ་ཆུའུ། ཧུའུ་ཀྲུའུ་རྫོང་། ཞོན་ཧྭ་རྫོང་དང་དཔའ་ལུང་རྫོང་བཅས་ཀྱིས་དོ་སྣང་ཆེན་པོ་བྱས་པ་དང་། མི་དམངས་མང་ཚོགས་ཀྱིས་ཚགས་པར་དང་རྒྱང་སྒྲོག བརྙན་འཕྲིན། དྲ་རྒྱ་སོགས་བརྒྱུད་ནས་དུས་ཐོག་ཏུ་ཚོགས་ཆེན་བཅུ་དགུ་པའི་འབྲེལ་ཡོད་གླེང་གཞི་ལ་རྒྱུས་ལོན་བྱས།
ཉིན་དེར། ལིག་ཏུའུ་ཆུའུ་བུན་ཁྲང་གཞིས་ཁུལ་གྱི་སྡོད་དམངས་ཆིན་ཞའོ་དབྱིན་གྱིས་སྔ་མོ་ནས་ཡར་ལངས་ཏེ་བརྙན་འཕྲིན་ཁ་ཕྱེས་ནས་ཚ་བོ་དང་མཉམ་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པ་ཚོགས་མགོ་བརྩམས་པའི་ཐད་གཏོང་ལ་བལྟས། ཆིན་ཞའོ་དབྱིན་གྱིས་བཤད་རྒྱུར། “ད་ལྟ་ང་ཚོའི་འཚོ་བ་ཇེ་རྒྱས་ཇེ་ལེགས་སུ་སོང་ཡོད། ང་ཚོ་ལོ་འགའི་སྔོན་ལ་ཕ་ཡུལ་ནས་རྫོང་མཁར་དུ་སྤར་བ་ཡིན། ད་ལྟ་ང་ལ་ཁོམ་པ་ཅུང་ཙམ་ཡོད་ཚེ་ཐང་ཆེན་དུ་སོང་ནས་ཟློས་གར་ལ་ཉན་པ་དང་ཁམས་གསེང་བྱས་པ་ཡིན་པས་འཚོ་བ་ཉིན་རེ་བཞིན་ཇེ་སྐྱིད་རེད”ཟེར།