ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མི། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཡུས་ཀྲང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱས།
2017.10.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མི། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཡུས་ཀྲང་གིས་གསར་འགོད་པས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གིས་ཕུལ་བའི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་དེ་ནི་ནང་དོན་ཕུན་སུམ་ཚོགས་ཤིང་བརྗོད་བྱ་གཏིང་ཟབ་པའི་སྙན་ཞུ་བཟང་བོ་ཞིག་རེད། ང་ཚོས་ཚོགས་ཆེན་བཅུ་དགུ་པ་བསྡུས་པའི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་དང་རྒྱུས་ལོན་གཏིང་ཟབ་བྱེད་དགོས་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློའི་ནང་དོན་གཙོ་བོར་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཟབ་མོ་ལེན་དགོས་ཟེར།

ཝུའུ་ཡུས་ཀྲང་གིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཀྲུང་དབྱང་གི་བོད་ཁུལ་བྱ་བའི་རྩ་དོན་དང་ཞིང་ཆེན་ཏང་ཨུའི་བླང་བྱ་གཞིར་བཟུང་ནས་བཅོས་སྐྱོང་དང་ཞབས་ཞུར་མཐོང་ཆེན་བྱེད་པ་དང་དམངས་ཕྱུག་དང་དམངས་བདེ་མཉམ་དུ་སྤེལ་བ་རྒྱུན་འཁྱོངས་བྱས་ནས་ཁུལ་ཡོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་བྱ་བ་བཟང་བོར་བསྒྲུབས་པ་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཀྱི་ཁྱོན་ཡོངས་རྒྱུན་འཁྱོངས་བྱས་ཏེ་རིགས་སོ་སོའི་མང་ཚོགས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཞིང་ལས་ལ་བརྩོན་པའི་རྣམ་པ་སྲ་བརྟན་དུ་བཏང་། གོ་རིམ་རྗེས་མར། ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྙན་ཞུའི་ཁྲོད་བསྟན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བླང་བྱ་གཞིར་བཟུང་ནས་འདུ་ཤེས་བཞི་བརྟན་པོར་འཛུགས་པ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། སློབ་སྦྱོང་ལག་བསྟར་རྒྱུན་འཁྱོངས་དང་སྐུལ་འདེད་བྱ་བ་གཉིས་ཟུང་འབྲེལ་བྱེད་པ། སྒྱུར་བ་བཞི་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དོན་འཁྱོལ་བྱེད་པ། ཤུགས་ཆེན་པོས་གནད་ཕིགས་དབུལ་སྐྱོར་སྲིད་ཇུས་ལག་བསྟར་བྱེད་པ་དང་མི་རིགས་མཐུན་སྒྲིལ་དང་མང་ཚོགས་ཕྱུག་སྒྱུར་ལ་སྐུལ་འདེད་བཏང་ནས་མགོ་ལོག་བོད་ཁུལ་གྱི་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་དང་ཡུན་སྐྱོང་བདེ་འགོད་ཀྱི་སྣང་ཚུལ་བཟང་བོ་སྲ་བརྟན་དུ་གཏོང་རྒྱུ་ཡིན་ཟེར།