མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་གཅིག་གྱུར་བཀོད་སྒྲིག་ལྟར། ཞིང་ཆེན་སྲིད་གཞུང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་དང་ཏང་གི་འཛུགས་སྐྲུན་ལོའི་བྱ་འགུལ་ལ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པ་གཉིས་ཟུང་འབྲེལ་དམ་པོ་བྱས་པ་དང་བྱེད་ཐབས་སྣ་མང་སྤྱད་དེ་གཞུང་ལུགས་སྒྲོག་འགྲེལ་བྱ་འགུལ་རྒྱ་ཆེར་སྤེལ་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་མང་ཚོགས་དག་ལ་ཏང་གི་དྲིན་དྲན་པ་དང་ཏང་གི་རྗེས་སྙེག་པའི་ཐད་ཁྲིད་སྟོན་བྱས།
ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ཏང་ཨུ་དང་ཞིང་ཆེན་ཁོངས་གཏོགས་ཀྱི་དངུལ་གཏོང་ཁེ་ལས་ཏང་ཨུ་ཡིས་སོ་སོར་ཆབ་སྲིད་སྤུས་ཚད་ཅུང་མཐོ་བ་དང་གཞུང་ལུགས་རྨང་གཞི་ཅུང་བཟང་བ། སྒྲོག་འགྲེལ་ཉམས་མྱོང་ངེས་ཅན་ཡོད་པའི་བློ་མཐུན་བདམས་ནས་གཞུང་ལུགས་སྒྲོག་འགྲེལ་ཚོགས་པ་རྩ་འཛུགས་བྱས་ཏེ་གཞི་རིམ་དང་ལས་བྱེད་པར་ཁ་གཏད་ནས་སྒྲོག་འགྲེལ་བྱ་འགུལ་སྤེལ། སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཞིང་ཆེན་ཁོངས་གཏོགས་ཀྱི་དངུལ་གཏོང་ཁེ་ལས་བཅོས་སྒྱུར་འཕེལ་རྒྱས་གཏོང་བའི་དངོས་ཡོད་གནས་ཚུལ་ལ་དམ་དུ་དམིགས་པ་དང་ཏང་ཡོན་ལས་བྱེད་པའི་བསམ་བློ་དང་བྱ་བའི་དངོས་ཡོད་གནས་ཚུལ་ཟུང་འབྲེལ་བྱས་ཏེ་གོ་སླ་བའི་སྐད་ཆ་སྤྱད་ནས་སྒྲོག་འགྲེལ་གཏིང་ཟབ་བྱས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་མ་ཚོགས་པའི་སྔོན་ལ། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ཏང་ཨུ་ཡིས་ཆེད་དུ་ཞིང་ཆེན་ཁོངས་གཏོགས་དངུལ་གཏོང་ཁེ་ལས་ཀྱི་སྒྲོག་འགྲེལ་བྱ་བའི་གྲོས་ཚོགས་བསྡུས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ཏང་གི་གཞུང་ལུགས་གསར་གཏོད་གྲུབ་འབྲས་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་བྱ་བར་བཀོད་སྒྲིག་བྱས་པ་དང་། སྒྲོག་འགྲེལ་བྱ་བར་གྲུབ་འབྲས་དངོས་བླངས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་བསམ་བློའི་གླེང་ཕྱོགས་བཟང་བོ་ཞིག་བསྐྲུན་དགོས་པའི་རེ་བ་བཏོན། མིག་སྔའི་བར། སྒྲོག་འགྲེལ་བྱ་འགུལ་ཐེངས་དྲུག་བརྒྱ་ལྷག་སྤེལ།
སྒྲོག་འགྲེལ་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་བརྒྱུད་ནས། ནུས་ཡོད་སྒོས་ཁེ་ལས་ལས་བྱེད་པའི་དཀའ་གནད་མཁྲེགས་གཏོར་བྱེད་པའི་ཡིད་ཆེས་དང་ཆོད་སེམས་གཅིག་བསྡུས་བྱས་ཏེ་ཞིང་ཆེན་ཁོངས་གཏོགས་རྒྱལ་གཉེར་ཁེ་ལས་ཀྱི་བཅོས་སྒྱུར་འཕེལ་རྒྱས་དང་རྒྱུ་སྤུས་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་བ་དང་གཞུང་ལུགས་སྒྲོག་འགྲེལ་གྱིས་ཁེ་ལས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་ཏང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་བྱེད་ནུས་འདོན་སྤེལ་བྱས།