ཚྭ་འདམ་གཞོང་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟ་ས་ཁུལ་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་རིག་གཞུང་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུ་བསྡུས་ཏེ་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ལ་སློབ་སྦྱོང་བྱས།
2017.10.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

ཟླ་བཅུ་བའི་ཚེས་ཉི་ཤུ་ཉིན། མཚོ་ནུབ་ཁུལ་ཚྭ་འདམ་གཞོང་འཁོར་སྐྱོད་དཔལ་འབྱོལ་ཚོད་ལྟ་ས་ཁུལ་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་རིག་གཞུང་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུ་བསྡུས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བྱ་བའི་སྙན་ཞུར་སློབ་སྦྱོང་བྱེད་པར་དམིགས་ནས་ངོས་ཟིན་གླེང་བ་དང་མྱོང་ཚོར་བཤད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཚོད་ལྟའི་ཁུལ་ནས་མགྱོགས་མྱུར་སྒོས་སློབ་སྦྱོང་བྱེད་པ་དང་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་། མཚོ་ནུབ་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཚྭ་འདམ་གཞོང་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟ་ས་ཁུལ་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། དོ་དམ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ་མོ་ཀྲུང་མིང་གིས་སློབ་སྦྱོང་ཚོགས་འདུར་མགོ་འཛིན་བྱས།

ཚོགས་འདུའི་སྟེང་མི་དམངས་ཉིན་རེའི་ཚགས་པར་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཆེད་སྒྲིག་ཆེད་བརྗོད་དགོངས་དོན་ལ་སློབ་སྦྱོང་བྱས་པ་དང་། བློ་མཐུན་ཞི་ཅིན་ཕིང་ཀོས་ཀྲིག་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་བརྒྱུད་སྒྲོག་བྱས་པར་མ་ཟད་བརྗེ་རེས་གཏམ་བཤད་སྤེལ།

ཚོགས་འདུའི་སྟེང་། ཚོད་ལྟའི་ཁུལ་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་བསམ་བློ་གཅིག་གྱུར་དང་ཐུན་མོང་གི་ལྟ་བ་གཅིག་བསྡུས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དེ་ནང་དོན་གཙོ་བོ་ཡིན་པའི་སློབ་སྦྱོང་གི་འཆར་གཞི་གཏན་འཁེལ་བྱས། ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གཅིག་བསྡུས་སློབ་སྦྱོང་དང་མི་སྒེར་གྱིས་རང་སྦྱོང་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུར་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་ཞིབ་འཇུག་དང་གྲོས་བསྡུར་བྱེད་པ་གཉིས་ཟུང་འབྲེལ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁོང་དུ་ཆུད་པར་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུལ་བའི་སྙན་ཞུའི་རྒྱས་བཤད་གསར་པ་དང་འདུ་ཤེས་གསར་པ། ལས་འགན་གསར་པ། བླང་བྱ་གསར་པར་རྒྱུས་ལོན་གཏིང་ཟབ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་འདིང་དགོས་པའི་རེ་བ་བཏོན།