མཚོ་སྔོན་ཞིང་ཆེན་གྱིས་ཆབ་ཆ་ནས་མཚོ་སྔོན་པོའི་བར་དུ་གཞུང་ལམ་བསྐྲུན་པའི་འཆར་གཞི་བཀོད།
2017.10.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐེན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ལམ་དྲ་ལེགས་བཅོས་གཏོང་བ་དང་། ཡུལ་སྐོར་འཕེལ་རྒྱས་ལ་རོགས་འདེགས་བྱེད་པའི་ཆེད་དུ། ཆབ་ཆ་ནས་མཚོ་སྔོན་པོའི་བར་དུ་གཞུང་ལམ་གསར་པ་བསྐྲུན་པའི་འཆར་གཞི་གཏན་ལ་ཕབ།

མིག་སྔར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་ནས་མཚོ་སྔོན་པོར་སྐྱོད་ན་རྒྱལ་ལམ་གཅིག་ཐིག་དགུ་ལ་ཞུགས་ཏེ་སྐོར་ནས་འགྲོ་དགོས་པས། ཧ་ཅང་སྟབས་བདེ་མིན་ལ། སྔར་ནས་མཚོ་སྔོན་པོར་འཐེན་པའི་གཞུང་ལམ་ནི་ཞིག་རལ་ཏུ་གྱུར་ཏེ། ད་ལྟའི་འགྲིམ་འགྲུལ་ཤར་བགྲོད་ཀྱི་དགོས་མཁོ་སྐོང་ཐུབ་དཀའ་བར་གྱུར མཚོ་སྔོན་ཞིང་ཆེན་གྱི་ལམ་དྲ་ལེགས་བཅོས་གཏོང་བ་དང་ཆབས་ཅིག་ཏུ་ཡུལ་སྐོར་འཕེལ་རྒྱས་ལ་རོགས་འདེགས་བྱེད་པ། མཚོ་སྐོར་ས་ཁུལ་གྱིས་ཡུལ་སྐོར་དཔལ་འབྱོར་གྱི་ཁེ་བཟང་རེག་ཐུབ་རྒྱུ་བཅས་ལ་དམིགས་ནས། མཚོ་སྔོན་ཞིང་ཆེན་གྱིས་ཆབ་ཆ་ནས་མཚོ་སྔོན་པོར་ཤར་བགྲོད་གཏོང་བའི་གཞུང་ལམ་བསྐྲུན་པའི་འཆར་གཞི་བཀོད་ལ། མིག་སྔར། གཞུང་ལམ་གྱི་ལག་བསྟར་ཇུས་གཞི་ལ་གྲོས་མོལ་བརྟག་དཔྱད་བྱས་ནས་དུས་འགོའི་བྱ་བ་སྒྲུབ་བཞིན་པའི་སྒང་རེད།

ཡིག་སྒྱུར་བ། པདྨ་རྡོ་རྗེ།