ཅང་སུའུ་དང་མཚོ་སྔོན་གྱི་བཟོ་ཚོང་ཅུའུ་གཉིས་ཀྱིས་མཉམ་ལས་རོགས་སྐྱོར་སྒྲོམ་གཞིའི་གན་རྒྱ་བཞག
2017.10.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཀྲུང་དབྱང་གི་ཁ་གཏད་རོགས་སྐྱོར་བྱ་བའི་དགོངས་དོན་་སྔར་ལས་ལག་བསྟར་ནན་མོ་བྱེད་པ་དང་། ཤར་ནུབ་རྒྱུད་ཀྱི་བཟོ་ཚོང་ཚོང་རའི་ལྟ་སྐུལ་དོ་དམ་བྱ་བའི་མཉམ་ལས་དང་བརྗེ་རེས་ལ་ཤུགས་སྣོན་ཆེད། ཉེ་ལམ། ཅང་སུའུ་ཞིང་ཆེན་བཟོ་ཚོང་ཅུའུ་དང་མཚོ་སྔོན་ཞིང་ཆེན་བཟོ་ཚོང་ཅུའུ་གཉིས་ཀྱིས་ནན་ཅིན་ནས་མཉམ་ལས་རོགས་སྐྱོར་སྒྲོམ་གཞིའི་གྲོས་མཐུན་བཀོད། ཕྱོགས་གཉིས་ཀྱིས་ཐེངས་འདིའི་མཉམ་ལས་རོགས་སྐྱོར་ཐད་ནས་གཙོ་བོར་ལས་བྱེད་པའི་རིག་སྟོབས་མཉམ་ལས་རོགས་སྐྱོར་སྤེལ་བ་དང་། ཚོང་རྟགས་མཉམ་ལས་རོགས་སྐྱོར་སྟེགས་བུ་འཛུགས་པ། ཁྱབ་ཁོངས་གཙོ་བོའི་མཉམ་ལས་རོགས་སྐྱོར་ལ་ཤུགས་སྣོན་དང་དུས་བཀག་ལྟར་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བའི་རྐྱེན་སྲོལ་འཛུགས་པ་སོགས་འདུ་ལ། དུས་ཡུན་ལོ་གསུམ་ཡིན་པ་ཐག་བཅད།

ཕྱོགས་གཉིས་ཀྱི་རིག་སྟོབས་མཐོར་འདེགས་དང་རིག་སྟོབས་རོགས་ཐད་ཀྱི་རོགས་སྐྱོར་དེ་མཉམ་ལས་རོགས་སྐྱོར་གྱི་གཙོ་གནད་དུ་བྱས་པ་དང་། ཚོང་དོན་ལམ་ལུགས་བཅོས་བསྒྱུར་དང་བྱ་བ་བསྒྲུབ་པའི་སྐབས་དང་བྱ་བའི་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། དབང་སྲུང་མཉམ་བཅོས་ལ་སྐུལ་འདེད་གཏོང་བ། ཁྲིམས་སྐྱོང་བཟོ་ཚོང་འཛུགས་སྐྲུན་བྱེད་པ་སོགས་ཕྱོགས་ནས་བགྲོ་གླེང་བརྗེ་རེས་བྱས་ནས། རིག་སྟོབས་མཉམ་ལས་རོགས་སྐྱོར་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་སྔར་ལས་ཇེ་མཐོར་བཏང་། ཚོང་རྟགས་འཐབ་ཇུས་མཉམ་ལས་རོགས་སྐྱོར་སྟེགས་བུ་བཙུགས་པ་དང་། ཕྱོགས་གཉིས་ཀྱིས་རང་སོ་སོའི་བཟོ་ཚོང་ཅུའུ་ཡི་དྲ་ཚིགས་སྟེང་ཚོང་རྟགས་འཛུགས་སྐྲུན་བྱ་བའི་ཐད་ཀྱི་ཆེད་སྒྲིག་ལེ་ཚན་བཀོད་སྒྲིག་བྱས་ལ། མཚོ་སྔོན་དང་ཅང་སུའུ་བར་གྱི་ཚོང་རྟགས་ཁེ་ལས་ཀྱི་ཐོན་རྫས་འགྲེམ་སྟོན་ཕྱིར་འཚོང་སྟེགས་བུ་བཙུགས་ཏེ། ཕྱོགས་གཉིས་ཀྱི་ཚོང་རྫས་མཁོ་འདོན་ཆ་འཕྲིན་བརྗེ་རེས་ཐད་སྐུལ་འདེད་བཏང་།

གན་རྒྱའི་བྱེད་ཐབས་སྣ་ཚོགས་ལག་བསྟར་ནན་མོ་བྱེད་པར་ཁག་ཐེག་བྱེད་ཆེད། ཕྱོགས་གཉིས་ཀྱིས་སོ་སོར་མཉམ་ལས་རོགས་སྐྱོར་མགོ་ཁྲིད་ཚན་ཆུང་དང་གཞུང་སྒྲུབ་ཁང་འཛུགས་པ་དང་། དུས་བཀག་ལྟར་ཕན་ཚུན་འཚམས་འདྲི་དང་བརྗེ་རེས་བྱེད་པའི་རྐྱེན་སྲོལ་འཛུགས་པ། དུས་ཐོག་ཏུ་བྱ་བའི་འབྲེལ་འདྲིས་གྲོས་ཚོགས་བསྡུས་ནས། མཉམ་དུ་མཉམ་ལས་རོགས་སྐྱོར་བྱ་བའི་ཐད་ཀྱི་བྱ་བ་གལ་ཆེན་ལ་ཞིབ་འཇུག་བྱས་ནས་ཐག་གཅོད་པ་དང་། བྱ་བའི་འཆར་གཞི་འཐུས་ཚང་དུ་གཏོང་བ། ལག་བསྟར་ཇུས་གཞི་དངོས་འབེབས་བྱེད་པ། ལས་གཞི་སྤེལ་བའི་གནས་ཚུལ་ཐད་ནས་རྗེས་འདེད་བྱེད་རྒྱུའི་ཐད་བཅད། དེ་དང་མཉམ་དུ། མཉམ་ལས་རོགས་སྐྱོར་བྱ་བའི་བྱེད་ཐབས་གལ་ཆེན་དང་གྲུབ་འབྲས་དྲིལ་སྒྲོག་བཟང་བོ་བྱས་ནས། མཉམ་ལས་རོགས་སྐྱོར་བྱ་བའི་སྣང་ཚུལ་བཟང་བོ་བསྐྲུན།