བསྟུད་མར་ཉིན་འགའི་རིང་ལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ་མྱོང་ཚོར་བརྗེ་རེས་དང་གྲོས་བསྡུར་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་བྱས།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཀྲིན་ཁྲང་གིས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་སྣེ་ཁྲིད་དུ་བྱས་ཏེ་ཏན་ཏན་ཏིག་ཏིག་སྒོས་ཁུལ་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་དང་བརྟན་འཇགས་བྱ་བར་སྐུལ་འདེད་གཏོང་དགོས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྔོན་ལྟར་དཀའ་གནད་ལ་གདོང་གཏོད་པ་དང་གོ་སྐབས་དམ་འཛིན་བྱེད་པ། བློ་རྩ་བརྟན་པོས་འཕེལ་རྒྱས་ཐད་བྱེད་ཐབས་གསར་པ་ཡོད་པ་དང་བཅོས་སྒྱུར་ཐད་ཐོད་བརྒལ་གསར་པ་ཡོད་པ། སྟོབས་ཤུགས་གཅིག་བསྡུས་ཀྱིས་དབུལ་སྐྱོར་མཁྲེགས་གཏོར་ཐད་རྒྱལ་ཁ་བླངས་ཏེ་རྨ་ལྷོའི་ཁྱད་ཆོས་ལྡན་པ་དང་རྨ་ལྷོའི་དངོས་ཡོད་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་ཞིག་གསར་གཏོད་བྱས་ཏེ་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་དང་དུས་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་འབད་བརྩོན་བྱེད་དགོས་ཟེར།
རྨ་ལྷོ་ཁུལ་གྱི་ཁུལ་དཔོན་ཆོ་ཞོའེ་ཀྲི་ཡིས་བཤད་རྒྱུར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་དགོས་ན། སྔར་ལས་ལྷག་པའི་སྒོ་ནས་རང་འགུལ་གྱིས་ཏང་གི་མགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས་པ་དང་མགྱོགས་མྱུར་གྱིས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་རྨ་ལྷོ་ཁུལ་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་བྱེད་དགོས། ལྷག་པར་དུ་དམིགས་འབེན་ལས་འགན་ལ་དམ་པར་དམིགས་ནས་མགྱོགས་མྱུར་སྒོས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ། དམངས་ཚིས་ལེགས་བཅོས་བྱས་ཏེ་རྨ་ལྷོ་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་ལེན་དགོས་ཟེར།
ཚང་མས་གཅིག་གྱུར་སྒོས་བལྟས་ན། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་ངེས་པར་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུར་སློབ་སྦྱོང་བཟང་པོ་བྱེད་དགོས་པ་དང་གོ་བ་ཡང་དག་ལེན་པ། ལག་ལེན་མཐར་ཕྱིན་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྣེ་ཁྲིད་དུ་བྱེད་པ་དང་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་ཆེས་བཞི་ཇེ་བརྟན་དུ་བཏང་སྟེ་ཁྱོན་ཡོངས་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་རྨ་ལྷོ་ཁུལ་དུ་དོན་འཁྱོལ་བྱེད་དགོས་པར་སྙམ།