ཉིན་འདི་དག་ལ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་པའི་ཚ་རླབས་འཕྱུར། མཚོ་སྔོན་ཞིང་ཆེན་གྱི་ཞིང་འབྲོག་ས་ཁུལ་དང་ཚན་རྩལ། སློབ་གྲྭ ཁེ་ལས། རིག་རྩལ། ཆོས་ལུགས། སྲིད་ཁྲིམས། སྨན་བཅོས། ཁོར་ཡུག་སྲུབ་སྐྱོབ་བཅས་ས་གནས་དང་ལས་ཁག་སོ་སོ་ཡི་རིགས་སོ་སོའི་གཞོན་ནུ་རྣམས་ནི་སྤྲོ་སེམས་ཀྱིས་ཁེངས་ཏེ། ཚང་མ་ལྷན་དུ་འཛོམས་ནས་ཕྱོགས་གཅིག་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་། ཕྱོགས་གཅིག་ནས་སློབ་སྦྱོང་གི་སེམས་ཚོར་བརྗེ་རེས་བྱས།
ཚང་མས་མགྲིན་གཅིག་ཏུ་ཏང་གི་ཚོགས་ཆེན་བཅུ་དགུ་པ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དུས་རིམ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་སུ་གཏོང་བའི་གནད་འགག་དུས་རིམ་དུ་བསྡུས་པའི་ཚོགས་ཆེན་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཕུལ་བའི་བྱ་བའི་སྙན་ཞུའི་ནང་དོན་ཧྲིལ་བོར་མར་ཁེ་སིའི་བདེན་དོན་གྱི་ཡིད་སེམས་འགུག་པའི་ནུས་པ་དང་ལན་ལེན་དོན་འཁྱོལ་གྱི་གོ་སྐོན་བློ་འགུག་གི་ནུས་པ་ལྡན་པར་མ་ཟད། ནད་དོན་ཟབ་ལ་ཁ་ཕྱོགས་གསལ། འདས་པའི་ལོ་ལྔའི་རིང་ལ། ཏང་དང་རྒྱལ་ཁབ་ཀྱིས་བྱ་བ་སོ་སོ་ལ་ཕྱོགས་ཡོངས་ནས་གསར་བརྒལ་རང་བཞིན་གྱི་གྲུབ་འབྲས་བླངས་ལ་གཏིང་ཟབ་པའི་རྩ་བའི་རང་བཞིན་གྱི་བསྒྱུར་བཅོས་བྱས། ཏང་གིས་མི་དམངས་ལ་སྣེ་ཁྲིད་དེ་དཀའ་ཁག་སེལ་བར་མི་རྣམས་དགའ་སྤྲོས་ཁེངས་ཡོད། ད་དུང་ཏང་དང་རྒྱབ་ཁབ་ཀྱི་མ་འོངས་པའི་འཕེལ་རྒྱས་ལ་ཆོད་གཏམ་གསར་པ་དང་བླང་བྱ་གསར་པ་བཏོན་ལ། མཛེས་སྡུག་གི་འཆར་གཞི་གསར་པ་བཀོད་ཟེར།
ཞོན་ཧྭ་རྫོང་མི་རིགས་འབྲིང་རིམ་སློབ་གྲྭའི་དགེ་རྒན་ཀྲང་རོན་ཏུང་གིས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ཡིས་རྒྱ་ཆེའི་གཞོན་རབས་ཡོངས་ལ་རེ་བ་ནན་མོ་བཅངས་འདུག་པ་བསྟན་ལ། ཏང་ཀྲུང་དབྱང་གིས་གཞོན་རབས་རྣམས་ལ་ཐུགས་ཁུར་དང་བརྩེ་སེམས་བཅངས་ཡོད་པ་མཚོན་པར་མ་ཟད། གུང་གཞོན་ཚོགས་པ་དང་གཞོན་ནུ་ལོ་ཆུང་ཡོངས་ལ་བྱ་བའི་ཁ་ཕྱོགས་གསལ་པོ་་བསྟན་འདུག དགེ་རྒན་ཞིག་ཡིན་པས་ཆ་ནས། ངས་སྔར་ལས་ཀྱང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། དུས་རབས་ཀྱི་འབོད་སྐུལ་དང་ཏང་གི་མངག་བཅོལ་སྟོང་ཟད་དུ་མ་བཏང་བར། ཕུ་ཐུང་ཡར་བརྫེས་ནས་བརྩོན་སེམས་བསྐྱེད་དེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་རང་གི་ལང་ཚོ་དང་བློ་གྲོས་འབུལ་རྒྱུ་ཡིན་ཟེར།