ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་ཆེད། མཚོ་སྔོན་ཞིང་ཆེན་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་པའི་གཞི་རིམ་འཐུབ་ཚབ་པ་རྣམས་ཀྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་གྲོས་ཚོགས་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་བཀོད་སྒྲིག་གཞིར་བཟུང་སྟེ། ཟླ་བཅུ་བའི་ཚེས་ཉེར་བརྒྱད་ཉིན་ནས་བཟུང་། ཁོ་ཚོ་མང་ཚོགས་ཀྱི་ཉེ་འགྲམ་དུ་བཅར་ཏེ་ཚང་མ་དང་མཉམ་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་བྱས་པར་མ་ཟད། བྱ་བ་དངོས་དང་ཟུང་སྦྲེལ་བྱས་ནས་མཉམ་དུ་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་པར་གྲོས་བསྡུར་བྱས།
སྒྲོག་འགྲེལ་སྐབས་སུ། ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་པའི་གཞི་རིམ་གྱི་འཐུས་ཚབ་སུའུ་ཧྲིན་ཁྲིན་དང་དབང་ཆེན་ཚེ་བརྟན། ལི་ཀྲན་ཁོས། ཐེན་ཞོ་ཧུང་། ལེན་ཡ་ལི། ཧན་དབྱི་སི་ཧྥུའུ་བཅས་སོ་སོར་ཧོང་ཀྲུང་རྫོང་ཀུང་ཧོ་གྲོང་རྡལ་སུའུ་ཨར་ཅི་སྡེ་བ་དང་ཞིང་ཆེན་བོད་སྨན་ཁང་ཕྱི་ནད་ཚན་ཁག ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ལིན་ཁྲན་ཞང་ཞིན་ཀྲོང་སྡེ་བ་སོགས་སུ་ཟབ་ཞུགས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པར་མ་ཟད་ཡུལ་དངོས་ཀྱི་ཏང་ཡོན་དང་མང་ཚོགས། ལས་བྱེད་པ་རྣམས་ལ་རང་གི་མྱོང་ཚོར་བཤད། ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་པའི་གཞི་རིམ་འཐུས་ཚབ་པ་རྣམས་ཀྱིས་གཅིག་གྱུར་སྒོས་བསྟན་དོན། ཏང་གི་ཚོགས་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་རྒྱུ་ནི་འཐུས་ཚབ་ཞིག་གི་གཡོལ་མེད་ཀྱི་འོས་འགན་ཡིན་པ་དང་། ང་ཚོ་གཞི་རིམ་དུ་ཟབ་ཞུགས་བྱས་ཏེ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བཟང་བོ་བྱས་ནས་གཞི་རིམ་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་སློང་དགོས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཚོ་སྔོན་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་བྱེད་དགོས།
ཞོན་ཧྭ་རྫོང་ཆིན་ཧྲི་ཞང་ཞ་ཀྲོང་འོག་མ་སྡེ་བའི་ཀྲུའུ་རིན་ཧན་ཡོའེ་ཝུན་གྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ཡིས་མི་སེམས་འགུལ་བའི་ཞིང་སྟོབས་དང་ཞིང་ཕན་གྱི་བྱེད་ཐབས་མང་པོ་བཏོན་ཡོད། ཏང་གི་སྲིད་ཇུས་བཟང་བོའི་འོག་ཏུ། ང་ཚོས་མུ་མཐུད་དུ་འབད་བརྩོན་བྱས་ཏེ་སྲིད་ཏང་གསར་པའི་འཛུགས་སྐྲུན་བྱ་བ་སྔར་ལས་བཟང་བོར་བསྒྲུབ་དགོས་ཟེར།
ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་ཞོ་ཆོ་ཧྲང་ལམ་ཞིན་ཧེ་ཆོ་སྡོད་ཁུལ་གྱི་ཏང་ཡོན་རྒན་པ་ཚོའེ་ཅན་ཁྲིན་གྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུབ་ཚབ་པ་རྣམས་ཀྱི་སྒྲོག་འགྲེལ་ལ་ཉན་རྗེས་ང་ལ་སྐུལ་མ་ཆེན་པོ་ཐེབས་པ་དང་རང་རྒྱལ་སྔར་ལས་སྟོབས་འབྱོར་ལྡན་པར་འགྱུར་བ་དང་མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་འགྱུར་བར་ཡིད་ཆེས་ཡོད་ཟེར།