ཉིས་སྟོང་བཅུ་བདུན་ལོར་མཚོ་སྔོན་ཞིང་ཆེན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཐད་མ་དངུལ་སྒོར་དུང་ཕྱུར་དགུ་བཏང་།
2017.11.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

གསར་འགོད་པས་ཉིས་སྟོང་བཅུ་བདུན་ལོའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་བཟོ་སྐྲུན་འཛུགས་སྐྲུན་སྐབས་གཉིས་པའི་སྐུལ་འདེད་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་དགུ་བའི་ཟླ་མཇུག་བར། མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་བཟོ་སྐྲུན་འཛུགས་སྐྲུན་སྐབས་གཉིས་པའི་ལས་གཞིའི་ཐད་མ་དངུལ་སྒོར་དུང་ཕྱུར་བདུན་དང་བྱེ་བ་གསུམ་བཏང་བ་དང་། དེས་ལོ་རེའི་དམིགས་འབེན་གྱི་བརྒྱ་ཆའི་བརྒྱད་ཅུ་ཟིན།

མིག་སྔར། ཁུལ་སོ་སོ་དང་འབྲེལ་ཡོད་ཐིན་དང་ཅུའུ་ཡིས་བཟོ་སྐྲུན་ལྷག་མའི་ནུས་ཡོད་བཟོ་སྐྲུན་དུས་ཡུན་བེད་སྤྱོད་གང་ལེགས་བྱེད་པ་དང་། བཟོ་སྐྲུན་འཛུགས་སྐྲུན་གྱི་འཕེལ་རིམ་དང་ལས་ཡུན་དམ་འཛིན་བྱས་ཏེ་ལོ་ཧྲིལ་བོར་མ་དངུལ་སྒོར་དུང་ཕྱུར་དགུ་གཏོང་བའི་དམིགས་འབེན་ཡོངས་འགྲུབ་བྱེད་པར་བརྩོན་ལེན་བྱེད་བཞིན་ཡོད། ད་ལོ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་བཟོ་སྐྲུན་འཛུགས་སྐྲུན་སྐབས་གཉིས་པ་ལག་བསྟར་བྱེད་པའི་གནད་འགག་གི་ལོ་ཡིན་པས། སྔ་ཕྱིར་ས་ནག་ཐང་བཅོས་སྐྱོང་དང་མིས་བཟོས་ནགས་སྐྲུན། རྩྭ་ཐང་གི་གནོད་འབུ་འགོག་བཅོས། བརླན་ས་སྲུང་སྐྱོབ། སྐྱེ་ཁམས་ཕྱུགས་ལས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་སྐྱེ་ཁམས་བཅོས་སྐྱོང་དང་སྲུང་སྐྱོབ་བཟོ་སྐྲུན་མང་པོ་ལག་བསྟར་བྱས། སྐྱེ་ཁམས་བཅོས་སྐྱོང་དང་སྲུང་སྐྱོབ་བཟོ་སྐྲུན་ལས་གཞན་ད་རུང་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་ཞིང་སྡེའི་ནུས་ཁུངས་འཛུགས་སྐྲུན་དང་ཐོན་ལས་གསུམ་པའི་ལས་ཞུགས་གསོ་སྦྱོང་ཤུགས་ཚད་ཇེ་ཆེར་བཏང་།