གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་གློག་རྡུལ་ཡིག་སྒམ་དང་སྐད་འཕྲིན་སྤྱི་སྟེགས་བརྒྱུད་དེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དང་བླངས་པས་བསྐུར་བའི་རྩོམ་ཡིག་གི་ཆེད་སྒྲིག་ལེ་ཚན་བསྒྲུབས།
2017.11.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་མཇུག་རྫོགས་རྗེས། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་གློག་རྡུལ་ཡིག་སྒམ་དང་སྐད་འཕྲིན་སྤྱི་སྟེགས་བརྒྱུད་དེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དང་བླངས་པས་བསྐུར་བའི་རྩོམ་ཡིག་གི་ཆེད་སྒྲིག་ལེ་ཚན་བསྒྲུབས་པ་དང་། དུས་ཡུན་ཐུང་ངུའི་ནང་ཞིང་ཆེན་ཡོངས་ཀྱི་སྤྱི་ཕན་རང་བཞིན་གྱི་སྤྱི་ཚོགས་རྩ་འཛུགས་དང་ན་གཞོན་དང་བླངས་པ་ང་གཉིས་ཀྱིས་གཅིག་རྗེས་གཉིས་མཐུད་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྐབས་ཀྱི་རང་གི་མྱོང་ཚོར་བྲིས་ནས་བསྐུར། དྲ་རྒྱའི་ན་གཞོན་རྩོམ་པ་པོ་ལིག་ཀྲི་ཆང་གིས་རྩོམ་ཡིག་ནང་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྙན་ཞུར་ཉན་རྗེས། ང་ལ་སེམས་འགུལ་ཐེབས་སུ་བཅུག་པ་དང་ཕུགས་བསམ་མངོན་འགྱུར་བྱེད་པའི་ཆོད་སེམས་ཇེ་བརྟན་དུ་བཏང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་ནང་དོན་གཏིང་ཟབ་ཅིང་གོ་སླ་བ་དང་། རྒྱ་ཆེའི་ན་གཞོན་རྣམས་ལ་སྔར་ལས་ལྷག་པའི་སྒོ་ནས་མཐོང་ཆེན་བྱས་ཡོད། ན་གཞོན་ཞིག་ཡིན་པའི་ཆ་ནས། རང་ཉིད་ནས་འགོ་བརྩམས་ཏེ་རང་གི་ཕུགས་འདུན་དང་ཀྲུང་གོའི་ཕུགས་འདུན་ཟུང་སྦྲེལ་དམ་པོ་བྱེད་པ་དང་ཐོག་མའི་སེམས་འདུན་མི་བརྗེད་པ། རང་ཉིད་ཀྱི་མི་ཚེའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཁྲོད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་སེམས་ཤུགས་ཆེན་པོས་གསར་གཏོད་བྱེད་པ། ཏན་ཏན་ཏིག་ཏིག་གིས་རང་གི་འགན་འཁྲིའི་བྱ་བ་བཟང་བོར་སྒྲུབ་དགོས། དྲ་རྒྱའི་ན་གཞོན་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད། ངས་སྔར་ལས་འབད་བརྩོན་བྱེད་པ་དང་ཕུགས་འདུན་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་སྟེ་མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོར་འབྲི་བ་དང་མཚོ་སྔོན་གྱི་མཛེས་ལྗོངས་ཡག་པོར་གླེང་སྟེ་མཛེས་པའི་མཚོ་སྔོན་རྒྱལ་ཡོངས་དང་འཛམ་གླིང་ཡོངས་ལ་དྲིལ་སྒྲོག་བྱེད་རྒྱུ་ཡིན་ཟེར།

སྤྱི་ཚོགས་རྩ་འཛུགས་ཀྱི་འཐུས་ཚབ་པ་ཝུའུ་ཧེ་ལུའུ་ཡིས་བཤད་རྒྱུར། ན་གཞོན་ཞིག་ཡིན་པའི་ཆ་ནས་ངས་ཐོག་མའི་སེམས་འདུན་མི་བརྗེད་པ་དང་ལས་འགན་ཡིད་ལ་བརྟན་པོར་ཉར་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུར་གཟབ་ནན་གྱིས་ཉན་པ་ཡིན། ངས་ཏང་གིས་ན་གཞོན་རྣམས་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱེད་བཞིན་པ་ཚོར་བ་དང་། ཏང་གིས་ན་གཞོན་རྣམས་ལ་བཅངས་པའི་རེ་བ་ཚོར་བྱུང་ཟེར།

ན་གཞོན་དང་བླངས་པའི་འཐུས་ཚབ་པ་ལེ་ཞའོ་ཁྲོན་གྱིས་རྩོམ་ཡིག་ནང་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅུ་དགུ་པས་ཏང་དང་རྒྱལ་ཁབ་ཀྱི་རིགས་སོ་སོའི་ལས་དོན་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་འཕེལ་རྒྱས་དམིགས་འབེན་གཏན་ཁེལ་གསལ་པོ་བྱས་ཡོད། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད། ངས་སྔར་ལས་ལྷག་པའི་སྒོ་ནས་སློབ་སྦྱོང་ལ་འབད་བརྩོན་བྱེད་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། བྱ་བའི་བྱེད་ཐབས་གསར་གཏོད་བྱས་ཏེ་རང་གི་ཆེད་ལས་སྤུས་ཚད་མཐོར་འདེགས་གཏོང་བ་དང་རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ལ་སྤུས་ལེགས་ཞབས་ཞུ་འདོན་སྤྲོད་བྱས་ཏེ་རང་གི་འགན་འཁྲིའི་བྱ་བ་འཐུས་ཚང་དུ་གཏོང་རྒྱུ་ཡིན་ཟེར།