ཚེས་བཅུ་དགུ་ནས་ཉི་ཤུ་ཉིན་བར། མཚོ་སྔོན་གྱི་ལྟ་ཞིབ་ཚན་ཆུང་གཉིས་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་བདེ་འཇགས་ལྟ་སྐུལ་དོ་དམ་ཚན་ཁག་གི་རམ་འདེགས་འོག་ནས། མཚོ་བྱང་ཁུལ་མདོ་ལ་རྫོང་གི་ཁྲོམ་ར་དང་ཐོན་སྐྱེད་བདེ་འཇགས་ལྟ་སྐུལ་དོ་དམ་ཅུའུ་ལ་གཏེར་ཁུངས་ཀྱི་རྗེས་འདེད་ལྟ་སྐུལ་དང་སྲུང་སྐྱོབ་བྱེད་པ། དུས་ལྟར་སྐོར་ཞིབ་བྱེད་པའི་འགན་ཁུར་དང་ཁྲིམས་འགལ་སྒྲིག་འགལ་ལ་ཐག་གཅོད་ནན་མོ་བྱེད་པ་བཅས་ཀྱི་གནད་དོན་མུ་མཐུད་དུ་དོན་འཁྱོལ་ཡོང་བར་བྱས་ཏེ། མཚོ་སྔོན་ནུབ་མཚོ་རྡོ་སོལ་ཀུང་ཟི་དང་དེའི་ཁོངས་གཏོགས་གཏེར་ཁུངས་གཉིས་པ་དང་གསུམ་པའི་ཐོན་སྐྱེད་བདེ་འཇགས་ཀྱི་བྱ་བར་ཞིབ་བཤེར་ལྟ་སྐུལ་བྱས།ལྟ་ཞིབ་ཚོགས་པས་ཀུང་ཟི་དང་ཁོངས་གཏོགས་གཏེར་ཁུངས་ཀྱིས་ཚོགས་ཆེན་བཅུ་དགུ་འཚོགས་པའི་རིང་གི་ཐོན་སྐྱེད་བདེ་འཇགས་ཀྱི་བྱ་བའི་སྙན་ཞུ་ལ་ཉན་པ་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་སྐོར་ཞིབ་ཚོགས་པ་དྲུག་པའི་ཕྱོགས་ཡོངས་བདེ་འཇགས་“ལུས་ཕུང་བརྟག་དཔྱད”ཐད་ཀྱི་གནད་དོན་བཙལ་བ་དང་མངོན་མེད་རྐྱེན་ངན་ལ་ཕྱོགས་ཡོངས་ནས་བཅོས་བསྒྱུར་དོན་འཁྱོལ་གྱི་གནད་དོན་གཙིགས་སུ་བཟུང་ནས་ལྟ་ཞིབ་བྱས།
མདོ་ལ་རྫོང་བདེ་འཇགས་ལྟ་སྐུལ་དོ་དམ་ཚན་ཁག་གིས་རྒྱལ་ཁབ་དང་ཞིང་ཆེན་ཏང་ཨུ་ཞིང་ཆེན་སྲིད་གཞུང་།བདེ་འཇགས་ཨུ་ཡོན་ལྷན་ཁང་བཅས་ཀྱི་རེ་བ་ལྟར་གཏེར་ཁུངས་ལ་ལྟ་སྲུང་བྱེད་པའི་འགན་ཁུར་དང་དུས་མཚམས་གལ་ཆེའི་ནང་དུ་བདེ་འཇགས་སྐོར་ཞིབ་ཀྱི་བྱ་བར་ཤུགས་བསྣན།མཚོ་སྔོན་ནུབ་མཚོ་རྡོ་སོལ་ཀུང་ཟི་དང་དེའི་ཁོངས་གཏོགས་གཏེར་ཁུངས་གཉིས་པ་དང་གསུམ་པའི་ཉིན་རེའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བྱས་ཏེ་འཚུབ་བསྟུན་ལས་གནས་བརྟན་སྲུང་གི་འགན་ཁུར་དོན་འཁྱོལ་ཡོང་བར་བྱས།དེ་དང་མཉམ་དུ་གཏེར་ཁུང་གི་འབྱུང་ཉེན་ཆེ་བའི་གནད་དོན་དང་ཕྱོགས་ཡོངས་ནས་བཅོས་བསྒྱུར་ལག་བསྟར་དོན་འཁྱོལ་གྱི་བྱ་བ་གཙིགས་སུ་བཟུང་།ཕྱོགས་ཡོངས་བཅོས་བསྒྱུར་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་སྐོར་ཞིབ་ལེགས་འགྲུབ་བྱུང་བ་དང་ཕྱོགས་ཡོངས་བདེ་འཇགས“ལུས་ཕུང་བརྟག་དཔྱད”ཐད་ཀྱི་གནད་དོན་བཙལ་བ།མངོན་མེད་རྐྱེན་ངན་ལ་ཕྱོགས་ཡོངས་ནས་བཅོས་བསྒྱུར་དོན་འཁྱོལ་ཡོང་བར་བྱེད་པའི་གནད་དོན་ཐག་གཅོད་བྱས།མིག་སྔར་གཏེར་ཁུངས་གཉིས་ལྷག་ཐོན་སྐྱེད་མཚམས་འཇོག་བྱས་ཏེ་ཞིབ་བཤེར་བཟོ་བཅོས་ཀྱི་རྣམ་པར་ལུས་ཡོད།
ཞིབ་བཤེར་བྱས་པ་བརྒྱུད།གཏེར་ཁུངས་གཉིས་པའི་ལག་ཆའི་བཀོལ་སྤྱོད་བྱས་ཚད་ལོ་གསུམ་ལྷག་འགོར་ཡོད་པས“རྡོ་སོལ་གཏེར་ཁུངས་བདེ་འཇགས་སྒྲིག་རིམ”གྱི་ཨང་བཞི་བརྒྱ་བཅུ་གཉིས་ཀྱི་གཏན་འབེབས་དང་འགལ་བས།སྐོར་ཞིབ་ཚོགས་པས་མྱུར་དུ་ཐག་ཆོད་ཀྱི་བྱ་ཐབས་སྤྱད་ནས་ཡུལ་དངོས་ཀྱི་ལག་ཆར་བཀག་སྡོམ་བྱས་ཏེ།སྒྲིག་རིམ་ལྟར་དུ་ལག་ཆ་བརྗེ་བའི་བཀའ་བབས།དེ་དང་མཉམ་དུ་གཏེར་ཁུངས་དེས་དོན་དངོས་ལ་འཚམ་པའི་བྱ་བའི་བདེ་འཇགས་ཀྱི་ལག་རྩལ་འགན་སྲུང་བྱེད་ཐབས་བཟོས་ནས་ཁུངས་ནང་གི་ལས་བཟོ་བའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།
རྡོ་སོལ་ཐོན་སྐྱེད་ཀྱི་བདེ་འཇགས་བྱ་བ་མུ་མཐུད་དུ་ལེགས་པོ་ཞིག་བསྒྲུབ་ཆེད།སྐོར་ཞིབ་ཚོགས་པས་མདོ་ལ་རྫོང་རྡོ་སོལ་གཏེར་ཁུངས་བདེ་འཇགས་ལྟ་སྐུལ་ཚན་ཁག་གིས་གཏེར་ཁུངས་ཀྱི་རྗེས་འདེད་ལྟ་སྐུལ་དང་སྲུང་སྐྱོབ་བྱེད་པའི་འགན་མུ་མཐུད་དུ་འཁུར་བ་དང་།སྐོར་ཞིབ་དང་དུས་ལྟར་ཞིབ་བཤེར།འཕྲལ་སྒྲུབ་ཞིབ་བཤེར་བཅས་བྱས་ཏེ་གཏེར་ཁུངས་ཀྱི་ཐོན་སྐྱེད་བདེ་འཇགས་ལ་ཁག་ཐེག་བྱེད་པ་དང་གཅིག གཏེར་ཁུངས་སོ་སོས་“རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཚོགས་ཀྱི་གཞུང་སྒྲུབ་ཁང་གིས་ཐོན་སྐྱེད་བདེ་འཇགས་འགན་འཁྲི་ལག་བསྟར་དོན་འཁྱོལ་བྱས་ཏེ་རྡོ་སོལ་གཏེར་ཁུངས་ཀྱི་ཚབས་ཆེའི་དོན་རྐྱེན་འགོག་སྲུང་བྱེད་པའི་འགན་འཁུར་གྱི་བརྡ་སྦྱོར།”གྱི་རེ་འདུན་ལྟར་གཏེར་ཁུངས་ཀྱི་རང་བཤེར་ནང་དོན་ལ་གཞིགས་ནས་མ་ལག་ཕྱོགས་ཡོངས་ཀྱི་མངོན་མེད་རྐྱེན་ངན་ལ་ཡང་བསྐྱར་བརྟག་ཞིབ་བྱས་ཏེ།ལག་ལེན་གྱི་ཁྲོད་ནས་སེམས་ལ་མི་ཤར་བ་དང་བཙལ་ནས་མི་རྙེད་པ།དོ་དམ་བྱེད་མི་ཐུབ་པའི་གནད་དོན་སོགས་བཀག་ནས་ཁག་གཙོ་བོ་དག་དང་ཉེན་ཁ་གཙོ་བོ།མངོན་མེད་རྐྱེན་ངན་ལ་དག་བཅོས་བྱེད་པ་བཅས་ཀྱི་ཐད་ལ་དོ་དམ་ལེགས་པོ་བྱེད་པ་དང་གཉིས།གཏེར་ཁུངས་སོ་སོས་ཡུལ་དངོས་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་ཏེ་གཟབ་ནན་སྒོས་གཏེར་དོང་ཞིག་གསོ་བྱེད་སྐབས་བདེ་འཇགས་ནུས་རྩལ་གྱི་བྱེད་ཐབས་དོན་འཁྱོལ་ཡོང་བར་བྱེད་པ་དང་།མངོན་མེད་རྐྱེན་ངན་དང་ཞིབ་བཤེར་དག་སྒྲིག་གི་བྱ་བར་སྔར་བས་ཤུགས་སྣོན་རྒྱག་པ།ཞིབ་བཤེར་བྱས་པ་བརྒྱུད་བྱུང་བའི་གནད་དོན་གསར་བ་དང་ཉེན་ཁ་གསར་བ་དག་“དོན་འཁྱོལ་ལྔའི”རྩ་དོན་ལྟར་དག་བཅོས་བྱེད་དགོས་དང་གསུམ།མཚོ་སྔོན་ནུབ་མཚོ་རྡོ་སོལ་ཀུང་ཟིས་ཁོངས་གཏོགས་གཏེར་ཁུངས་ལ་བྱ་སྒྲུབ་ཚན་ཁག་མངགས་ནས།ཆུ་ཚོད་ཉེར་བཞིའི་རིང་ལ་ལྟ་སྲུང་དང་འགན་ཁུར་དང་དུ་ལེན་པ།གནད་དོན་བཙལ་བ་དང་ཉེན་ཁ་སེལ་ནས་དོན་དངོས་ཐོག་གི་ཐོན་སྐྱེད་བདེ་འཇགས་གི་གནད་དོན་ཐག་གཅོད་བྱེད་པ་དོན་འཁྱོལ་ཡོང་བར་བྱེད་པ་དང་བཞི་བཅས་རེད།