2017ལོའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་དྲིལ་སྒྲོག་བྱ་བའི་གྲོས་ཚོགས་བསྡུས།
2017.11.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཟླ11པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་དྲིལ་སྒྲོག་པུའུ་དང་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་གཉིས་ཀྱིས2017ལོའི་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་དྲིལ་སྒྲོག་བྱ་བའི་གྲོས་ཚོགས་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་ཁྱབ་བསྒྲགས་བྱས་པར་མ་ཟད། གོ་རིམ་རྗེས་མའི་དབུལ་ཐར་མཁྲེགས་གཏོར་དྲིག་སྒྲོག་བྱ་བར་བཀོད་སྒྲིག་བྱས་ལ། སྔོན་ཐོན་ཐུན་མོང་དང་མི་སྒེར་སྐོར་ཞིག་ལ་གཟེངས་བསྟོད་བྱ་དགའ་བྱིན།

2016ལོའི་ཚུན་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དབུལ་ཐར་མཁྲེགས་གཏོར་དེ་ཆབ་སྲིད་འགན་འཁྲི་གཙོ་བོ་དང་དོན་དག་གལ་ཆེན། དམངས་ཚིས་བཟོ་སྐྲུན་ཐོག་མར་བརྩིས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དང་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་མཛུབ་སྟོན་དུ་བཟུང་བ་དང་། སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ་གྱི་དམིགས་འབེན་འགན་ཁུར་ལ་དམིགས་ནས། ལོ་བཞིར་མཉམ་དུ་མཁྲེགས་གཏོར་སྤེལ་བ་དང་། ལོ་གཅིག་ལ་སྲ་བརྟན་མཐོར་འདེགས་བྱེད་པའི་སྤྱིའི་བཀོད་སྒྲིག་ལྟར། གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་གྱི་གཞི་རྩའི་བྱེད་ཐབས་རྒྱུན་འཁྱོངས་དང་། ཞིང་ཆེན་ཡོངས་ཀྱིས་སྟོབས་ཤུགས་འདོན་པ་དང་དམངས་ཡོངས་ཀྱི་བློ་རིག་མཉམ་འདུས། བློ་ཞིབ་མོས་ཇུས་འགོད་དང་གནད་ཕིགས་ཤུགས་འདོན་བྱས་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།

2016ལོར། མཚོ་སྔོན་ཞིང་ཆེན་གྱིས་དབུལ་ཕོངས་རྫོང་དྲུག་གི་དབུལ་ཕོངས་ཞྭ་མོ་ཕུད་པ་དང་དབུལ་ཕོངས་སྡེ་བ་བཞི་བརྒྱ་དང་བཞི་དབུལ་ཕོངས་ལས་ཐར་བ། དབུལ་ཕོངས་མི་གྲངས་འབུམ་གཅིག་དང་ཁྲི་གཅིག་སྟོང་དགུ་དབུལ་ཐར་བྱས་ལ། དབུལ་ཕོངས་འབྱུང་ཚད་2015ལོའི་ལོ་མཇུག་གི་བརྒྱ་ཆའི་བཅུ་གསུམ་དང་གྲངས་ཆུང་གཉིས་ནས་བརྒྱ་ཆའི་བཅུ་དང་གྲངས་ཆུང་གསུམ་ལ་ཇེ་དམའ་རུ་སོང་བས། དབུལ་ཐར་མཁྲེགས་གཏོར་གྱི་ཐོག་མའི་ལོ་ལ་གྲུབ་འབྲས་ལེགས་པོ་ཐོབ། ད་ལོའི་ཟླ་བདུན་པར། མཚོ་སྔོན་ཞིང་ཆེན་གྱིས2016ལོར་དབུལ་ཕོངས་ཞྭ་མོ་ཕུད་རྒྱུའི་འཆར་གཞི་ཡོད་པའི་ཧི་ནན་དང་ཐུན་ཏེ། ཏུའུ་ལན་བཅས་རྫོང་གསུམ་རྒྱལ་ཁབ་ཀྱི་ཆེས་གཟབ་ནན་གྱི་ཕྱོགས་གསུམ་པའི་དཔྱད་ཞིབ་རྩིས་ལེན་ལས་ཐར་ཞིང་། ཟླ11པའི་ཚེས1ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དངོས་སུ་ཐོག་མའི་དབུལ་ཕོངས་རྫོང་གི་མིང་ཐོའི་ཁྲོད་ནས་བླངས་པ་ཁྱབ་བསྒྲགས་བྱས་པས། རྫོང་གསུམ་པོ་དེས་བདེ་བླག་ངང་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཐུབ་པ་བྱུང་།

ལོ་གཅིག་གི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་དབུལ་སྐྱོར་ཅུའུ་གཉིས་ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་འགན་འཁྲི་དང་བྱ་བ་གཙོ་བོར་དམ་དུ་དམིགས་ཏེ་ཁྲིད་ཕྱོགས་བཟུང་ནས་སྣེ་ཁྲིད་ལ་སྐུལ་འདེད་བྱེད་པ་དང་། བཀོད་སྒྲིག་བཟུང་ནས་དངོས་འབེབས་ལ་སྐུལ་འདེད་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཧུར་ཐག་གིས་དབུལ་ཐར་མཁྲེགས་གཏོར་ལ་རྒྱབ་སྐྱོར་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་གསར་འགྱུར་སྨྱན་བྱད་དང་ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་གསར་འགྱུར་ལས་ཁུངས་དག་གིས་ཆེད་སྒྲིག་ལེ་ཚན་བསྒྲུབས་ཏེ་ཕྱོགས་ཡོངས་ནས་གནད་ཕིགས་དབུལ་ཐར་གྱི་སྲིད་ཇུས་བྱེད་ཐབས་གསལ་འགྲེལ་བྱས་པར་མ་ཟད། གསར་འགོད་པ་རེ་རེས་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་འདོན་སྤེལ་གང་ལེགས་བྱས་ནས་དབུལ་ཐར་མཁྲེགས་གཏོར་ཁྲོད་ཟབ་ཞུགས་བྱས་ཏེ་གོམ་པ་རེ་རེས་དབུལ་ཐར་མཁྲེགས་གཏོར་གྱི་འཕེལ་རིམ་ལ་ཚད་འཇལ་བྱས།

ཚོགས་ཐོག་ཏུ2016ལོའི་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་དྲིལ་སྒྲོག་བྱ་བའི་སྔོན་ཐོན་ལས་ཁུངས་དང་སྔོན་ཐོན་མི་སྒེར། སྔོན་ཐོན་ཕུལ་བྱུང་གསར་འགོད་པ་བཅས་ལ་གཟེངས་བསྟོད་བྱ་དགའ་བྱིན་པ་དང་། གསར་འགྱུར་ལས་ཁུངས་སོ་སོར2018ལོའི་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་གསར་འགྱུར་ཁུངས་སྣེ་ཁྱབ་བསྒྲགས་བྱས།