མཚོ་སྔོན་ཞིང་ཆེན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་དབུལ་ཐར་མཁྲེགས་གཏོར་དྲིལ་སྒྲོག་བྱ་བའི་སྔོན་ཐོན་སྡེ་ཁག་ལ་གཟེངས་བསྟོད་གནང་།
2017.11.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

ཟླ་བཅུ་གཅིག་གི་ཚེས་གཅིག་ཉིན། ཉིས་སྟོང་བཅུ་བདུན་ལོའི་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་དྲིལ་སྒྲོག་བྱ་བའི་ཚོགས་འདུ་ཟི་ལིང་དུ་བསྡུས་ལ། ཚོགས་ཐོག་ཏུ་ཉིས་སྟོང་བཅུ་དྲུག་ལོའི་དྲིལ་སྒྲོག་བྱ་བའི་སྔོན་ཐོན་སྡེ་ཁག་དང་སྔོན་ཐོན་མི་སྒེར། ཕུལ་བྱུང་གསར་འགོད་པ་བཅས་ལ་གཟེངས་བསྟོད་བྱ་དགའ་གནང་།

ལོ་གཅིག་ལྷག་གི་རིང་ལ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་དབུལ་སྐྱོར་ཅུའུ་ཡིས་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་འགན་འཁུར་དང་བྱ་བ་གལ་ཆེན་དམིགས་སུ་བཟུང་སྟེ། དབུལ་ཐར་མཁྲེགས་གཏོར་ནི་ཞིང་ཆེན་ཡོངས་ཀྱི་ཆེས་ཁྱབ་ཆེ་བའི་ཐུན་མོང་འདུ་ཤེས་སུ་གྱུར་ཏུ་བཅུག གསར་འགྱུར་སྨྱན་བྱད་སོ་སོས་ཆེད་བསྒྲིགས་ལེ་ཚན་ལས་ཏེ་ད་དུང་ཕྱོགས་ཡོངས་ནས་གནད་ཕིགས་དབུལ་སྐྱོར་སྲིད་ཇུས་ལ་འགྲེལ་བཤད་དང་ཟུར་མང་པོ་ནས་མཐོ་སྒང་གི་དབུལ་སྐྱོར་སྙིང་སྟོབས་མཚོན་པར་བྱས། ཉིས་སྟོང་བཅུ་དྲུག་ལོ་ལ། ཀྲུང་དབྱང་གི་སྨྱན་བྱད་གཙོ་བོ་དང་ཞིང་ཆེན་ནང་ཁུལ་གྱི་སྨྱད་བྱད་སོ་སོས་དབུལ་ཐར་མཁྲེགས་གཏོར་གྱི་ཟིན་བྲིས་སྟོང་ལྔ་བདུན་བརྒྱ་ལྷག་སྤེལ་ལ། དེ་ནི་ཉིས་སྟོང་བཅོ་ལྔའི་ལྡབ་དགུ་ལྷག་ཡིན་ཞིང་། རྒྱལ་ཡོངས་ཀྱི་ཨང་རིམ་བཅུ་བར་སླེབས་འདུག

ཏང་གི་ཚོགས་ཆེན་བཅུ་དགུ་པས་དབུལ་ཐར་མཁྲེགས་གཏོར་གྱི་གཡུལ་འགྱེད་ལ་ངེས་པར་དུ་རྒྱལ་ཁ་བླངས་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཆོད་སེམས་བརྟན་པོ་བསྟན། ཚོགས་ཐོག་ཏུ་གོམ་པ་རྗེས་མར་རིམ་པ་སོ་སོའི་དབུལ་སྐྱོར་སྡེ་ཁག་གིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་གཙོ་གནད་དུ་བཟུང་ནས། དབུལ་སྐྱོར་དྲིལ་སྒྲོག་བྱ་བའི་གལ་ཆེན་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱེད་དགོས་ལ། དབུལ་སྐྱོར་དྲིལ་སྒྲོག་གི་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་གཏོང་དགོས་པའི་བླང་བྱ་གལ་ཆེན་བཏོན།

ཡིག་སྒྱུར་བ།  པད་མ་རྡོ་རྗེ།