མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་གྱིས་མཚོ་སྔོན་གྱི་ལས་བྱེད་དང་མང་ཚོགས་ཚོར་ཤན་ཤུགས་དྲག་པོ་ཐེབས།
2017.11.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལ་མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་མང་ཚོགས་ཡོངས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད། ཚང་མས་གཅིག་གྱུར་སྒོས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མའི་བསམ་བློ་གཅིག་གྱུར་དང་ཐུན་མོང་གི་ལྟ་བ་གཅིག་བསྡུས་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་ཁྱོན་ཡོངས་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དོན་འཁྱོལ་བྱས་ཏེ་སྒྱུར་བ་བཞིར་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན། ཚང་མས་ལང་ལོང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་དང་བྱ་བའི་གཙོ་གནད་དུ་བརྩིས་ཏེ་མགྱོགས་མྱུར་སྒོས་ཞིང་ཆེན་གོང་འོག་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པར་སློབ་སྦྱོང་བྱེད་པའི་ཚ་རླབས་སློང་དགོས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་མཚོ་སྔོན་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་བྱེད་དགོས་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་དགོས་ཟེར།

མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གཞུང་སྒྲུབ་ཁང་གི་ལི་ཕིན་གྱིས་བསྟན་དོན། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱིས་ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པར་ཁ་ཕྱོགས་གསལ་པོ་བསྟན་པ་དང་བྱེད་ཐབས་འདོན་སྤྲོད་བྱས། སློབ་གསོའི་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་གཟབ་ནན་གྱིས་སློབ་སྦྱོང་བྱེད་དགོས་པ་དང་དོན་སྙིང་གཙོ་བོར་གོ་བ་ཡང་དག་ལོན་པར་བྱེད་པ། བྱ་བའི་སྦྲེལ་གནས་བཙལ་ཏེ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་བྱ་བའི་ཁྲོད་དོན་འཁྱོལ་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་དམ་པོར་འཛིན་པ། སློབ་གསོ་བྱ་བ་སྒྲུབ་མཁན་གྱི་ལས་འགན་ཡིད་ལ་བརྟན་པོར་བཟུང་སྟེ་མི་དམངས་མང་ཚོགས་ཡིད་ཚིམས་པའི་སློབ་གསོའི་བྱ་བ་བསྒྲུབ་སྟེ་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་རང་གི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

ཞིང་ཆེན་ཤེས་ལྡན་མི་སྣའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་རིན་ཞུང་དབྱི་ཡིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱིས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་བྱ་བའི་ཁྲོད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་བསྐྱོད་པར་ཁ་ཕྱོགས་གསལ་པོ་བསྟན་ཟེར།

ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཧུའུ་པའོ་ལིན་གྱིས་བཤད་རྒྱུར། མི་རིགས་ཆོས་ལུགས་བྱ་བའི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་བཟང་བོ་དང་གོ་བ་ཡང་དག་ལེན་དགོས་པ་དང་ལག་ལེན་མཐར་ཕྱིན་དང་དྲིལ་སྒྲོག་བཟང་བོ་བྱས་ཏེ་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ་དང་ཁྱོན་ཡོངས་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དོན་འཁྱོལ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བ་དང་ཟུང་སྦྲེལ་བྱེད་པ་དང་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། རང་གི་འགན་འཁྲིའི་བྱ་བ་བཟང་བོར་སྒྲུབ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་ཟེར།

ཞིང་ཆེན་དམངས་སྲིད་ཐིན་མཚོ་ཤར་ཕན་བདེ་གླིང་གི་གླིང་གཙོ་ཀྲང་ཞའོ་ཡན་གྱིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཐད་བཀོད་སྒྲིག་གལ་ཆེན་བྱས་པ་དང་བླང་བྱ་གསལ་བོ་བཏོན། ང་ཚོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བླང་བྱ་གཞིར་བཟུང་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་སློབ་སྦྱོང་བཟང་བོ་བྱེད་པ་དང་དྲིལ་སྒྲོག་བཟང་བོ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དོན་འཁྱོལ་བྱེད་དགོས་པ་དང་སྤྱིར་བཏང་གི་བྱ་བའི་ཁྲོད་ཐོག་མཐའ་བར་གསུམ་ཀུན་ཏུ་ཏང་གི་དགོངས་དོན་ཡིན་ལ་བརྟན་པོར་འཛིན་པ་དང་ལྷག་བསམ་རྣམ་དག་གིས་ཕན་བདེ་གླིང་དུ་སྡོད་པའི་མི་སྣ་ཡོངས་ལ་གཅེས་སྐྱོང་བྱས་ཏེ་ཁོ་ཚོར་སྔར་ལས་ལྷག་པའི་བདེ་སྐྱིད་ཀྱི་ཚོར་བ་མྱོང་དུ་འཇུག་དགོས་ཟེར།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ལི་ཧྥུའུ་ཆང་གིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པར་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་པའི་ཐད་བཀོད་སྒྲིག་བཟང་བོ་བྱས། རྩ་འཛུགས་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། ངེས་པར་དུ་བསམ་བློ་དང་འགུལ་སྤྱོད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞིང་ཆེན་ཏང་གི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གཅིག་གྱུར་བྱེད་དགོས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞིང་ཆེན་ཏང་གི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་གཉིས་རྩ་འཛུགས་སྡེ་ཁག་གི་བྱ་བའི་ཁྲོད་ལག་བསྟར་དོན་འཁྱོལ་བྱེད་པ། རྩ་འཛུགས་བྱ་བ་སྒྲུབ་མཁན་ཞིག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མཛེས་པའི་མཚོ་སྔོན་འཛུགས་སྐྲུན་ཐད་སྟོབས་ཤུགས་འབུལ་དགོས་ཟེར།

གཅན་ཚ་རྫོང་དཔལ་ཡོན་གཞུང་སྒྲུབ་ཁང་གི་ལས་བྱེད་མི་སྣ་ལི་ཀྲི་ལན་གྱིས་བཤད་རྒྱུར། ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྣེ་ཁྲིད་དུ་བྱས་ཏེ་སྟོབས་ཤུགས་གཅིག་སྡུད་དང་རང་གི་འགན་འཁྲིའི་བྱ་བར་རྐང་བཙུགས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་སྟོབས་ཤུགས་འབུལ་བ་དང་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་བསམ་པའི་སྟོབས་ཤུགས་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱས་ཏེ་དུས་རབས་གསར་པའི་གཅན་ཚའི་རིགས་སོ་སོའི་བུ་དང་བུ་མོའི་སྐྱེ་སྟོབས་ཀྱི་རྣམ་པ་མངོན་པར་བྱེད་དགོས་ཟེར།

ཧོང་ཀྲུང་རྫོང་ཐུའུ་མིན་ཀོན་ཞང་ཧྲན་ཀྲོང་གོང་མ་སྡེ་བར་སྡོད་པའི་ཧྲུའུ་ཅི་དང་པོ་ཀྲུང་ཡན་ཉིན་གྱིས་སྐད་འཕྲིན་སྤྱི་སྟེགས་བརྒྱུད་དེ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྙན་ཞུར་བལྟས་རྗེས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ཁྲོད་མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བར་རེ་སྙེག་བྱེད་པ་དེ་ནི་ང་ཚོས་འབད་བརྩོན་བྱེད་པའི་དམིགས་འབེན་ཡིན་ཞེས་བསྟན་ཡོད། ཏང་ཡོན་ཞིག་ཡིན་པའི་ཆ་ནས། ཐོག་མཐའ་བར་གསུམ་ཀུན་ཏུ་ཕུགས་འདུན་དང་རང་གི་ལས་འགན་ཡིད་ལ་བརྟན་པོར་འཛིན་དགོས་པ་དང་གཞི་རིམ་མང་ཚོགས་ཀྱི་དགོས་མཁོ་མགོ་རྩོམ་ས་བྱས་ཏེ་གནད་ཕིགས་དབུལ་ཐར་ཐད་རང་གི་སྟོབས་ཤུགས་འབུལ་དགོས་ཟེར།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ཁུ་ལུའུ་ཁུ་གྲོང་རྡལ་ཨན་ཁང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲིག་ཐུང་ཐའོ་ཡིས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅུ་དགུ་པས་བཏོན་པའི་ཐོན་ལས་དར་རྒྱས་དང་ཞང་སྲོལ་དཔལ་ཡོན། འཚོ་བ་འབྱོར་ཕྱུག་སོགས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་ནས་མཁར་ཞང་མཉམ་དུ་འཕེལ་རྒྱས་གཏོང་བའི་སྒྲིག་གཞིའི་ནང་རྐྱེན་དང་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་དང་མགྱོགས་མྱུར་སྒོས་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གཡོ་དགེ་གྲོང་རྡལ་བདེ་ལེགས་སྡོད་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི། སྡོད་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀུན་བཟང་དབང་མོས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅུ་དགུ་པས་དམངས་ཕན་གྱི་སྲིད་ཇུས་མང་པོ་བཏོན་ཏེ་མང་ཚོགས་ཀྱི་ཆེས་སེམས་ཁུར་བྱེད་པའི་ཟས་གོས་འགྲོ་སྡོད་དང་ས་ཞིང་། སྨན་བཅོས། སློབ་གསོ་སོགས་ཀྱི་གནད་དོན་ཆེན་པོ་ཐག་བཅད་ཡོད་པས་ང་ཚོའི་རྗེས་ཕྱོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་འགྱུར་བའི་ཡིད་ཆེས་ཇེ་བརྟན་དུ་བཏང་། ང་ཚོས་ཏང་གི་དགོངས་དོན་དང་ལས་འགན་ཡིད་ལ་བརྟན་པོར་ཉར་ནས་ལས་ཚོ་དང་ཤེས་རིག ནུས་པ་ཚང་མ་ཏང་ལ་ཕུལ་ཏེ་རིགས་སོ་སོའི་བྱ་བ་བཟང་བོར་བསྒྲུབ་པ་དང་གྲུབ་འབྲས་གཡུར་དུ་ཟ་བའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་ངེས་ཡིན་ཟེར།

མཚོ་སྔོན་དགེ་ཐོན་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེན་རྒན་ཆེན་པོ་གཞོན་པ་ཧའོ་ཞ་ཡིས་བཤད་རྒྱུར། མཐོ་རིམ་སློབ་གྲྭའི་དགེ་རྒན་ཞིག་ཡིན་པའི་ཆ་ནས་། ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སྣེ་ཁྲིད་དུ་བྱས་ཏེ་སློབ་སྦྱོང་གི་གོ་རིམ་དེ་ངོས་ཟིན་མཐོར་འདེགས་གཏོང་བ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དོན་འཁྱོལ་བྱེད་པ། སྒྱུར་བ་བཞིར་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་བ་དངོས་སུ་བསྒྱུར་ནས་སྔོན་གྲལ་གྱི་གོ་རིམ་དུ་བསྐྱོད་དགོས་ཟེར།

ཞིང་ཆེན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གི་ཉིས་སྟོང་བཅུ་བདུན་ལོའི་རླངས་འཁོར་བཀོལ་སྤྱོད་དང་ཞིག་གསོ་ལག་རྩལ་ཆེད་ལས་ཀྱི་སློབ་མ་རིན་ཆེན་དོན་གྲུབ་ཀྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ན་གཞོན་རྣམས་ལ་རེ་བ་ཆེན་བ་བཅོལ་བ་དེས་ང་ཚོར་མུ་མཐུད་འབད་བརྩོན་བྱེད་པའི་ཐད་སྐུལ་མ་བཏང་བ་དང་ང་ཚོར་ཐོག་མའི་སེམས་འདུན་མི་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་པར་སྐུལ་མ་བཏང་། སློབ་ཆེན་པ་ཞིག་ཡིན་པའི་ཆ་ནས། ང་ཚོས་འགུལ་སྤྱོད་དངོས་ལ་བརྟེན་ནས་མེས་རྒྱལ་གྱི་འཛུགས་སྐྲུན་དང་འཕེལ་རྒྱས་ཐད་ཏང་གི་སྟོབས་ཤུགས་འབུལ་དགོས་ཟེར།

ཞིང་ཆེན་དམག་ཁུལ་ཆབ་སྲིད་བྱ་བའི་ཅུའུ་ཡི་ཀན་ཧྲི་ཐན་ཅན་གྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ནི་ང་ཚོ་མདུན་སྐྱོད་བྱེད་པར་སྣེ་ཁྲིད་བྱེད་པའི་དར་ཆ་ཡིན། བཅའ་སྡོད་དཔོན་དམག་ཞིག་ཡིན་པའི་ཆ་ནས། ང་ཚོས་ཐོག་མཐར་བར་གསུམ་ཀུན་ཏུ་བློ་གཅིག་སེམས་གཅིག་གིས་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བརྗོད་སྙིང་ཡིད་ལ་བརྟན་པོར་ཉར་ནས་ཏང་དང་མི་དམངས་ཀྱིས་བསྩལ་པའི་དུས་རབས་གསར་པའི་ལས་འགན་ཁག་ཁུར་བྱེད་དགོས་ཟེར།

དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱིའི་རུ་ཁག་ཆབ་སྲིད་བྱ་བའི་པུའུ་ཡི་ཀན་ཧྲི་ནན་ཧའོ་ཡིས་བཤད་རྒྱུར། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པར་འགྲེང་སྟེ་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལོ་རྒྱུས་ལས་འགན་དོན་འཁྱོལ་བྱེད་དགོས། ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། སྔར་ལས་ལྷག་པའི་སྒོ་ནས་སྲོག་ཤིང་ལ་སྲུང་སྐྱོབ་བྱེད་དགོས་པ་དང་ཐོག་མའི་སེམས་འདུན་མི་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་དགོས་ལ། དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་ཞིབ་ཕྲའི་ལག་ལེན་ཁྲོད་ཏང་གི་བཀའ་ལ་ཉན་པ་དང་མཛུབ་སྟོན་དང་ལེན་བྱེད་པ། རང་གི་འགན་འཁྲིའི་བྱ་བར་རྐང་བཙུགས་ནས་དུས་རབས་ལ་ངོ་གནོངས་མི་དགོས་པར་བྱེད་དགོས་ཟེར།