མཚོ་སྔོན་ཞིང་ཆེན་གྱི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་པའི་གཞི་རིམ་གྱི་འཐུས་མི་དག་གཞི་རིམ་དུ་ཟབ་ཞུགས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས།
2017.11.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་པའི་གཞི་རིམ་གྱི་འཐུས་ཚབ་པ་དག་གིས་སྣེ་ཁྲིད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། རྒྱ་ཆེའི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་བསམ་བློ་གསར་པས་འཕེལ་རྒྱས་གསར་པར་འཆར་འགོད་བྱས།

སྒྲོག་འགྲེལ་སྐབས་སུ། ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་པའི་གཞི་རིམ་གྱི་འཐུས་མི་ཡེ་ཁྲིན་ཧྥུའུ་དང་ཐིན་ཞའོ་ཝེ། ཧི་ཧྲིན་ལན། ཁྲིན་ཡུང་ཅེ། ཚེ་རིང་སྐྱིད་འཛོམས་བཅས་སོ་སོར་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་ཁུལ་གསར་པ་དང་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་རྐ་གསར་སྡེ་བ། ན་གོར་མོ་གྲོང་ཁྱེར་ཞི་ཁྲིན་ཆུའུ་གོ་ལེ་མུའུ་ཏི་གྲོང་རྡལ། ཡུས་ཧྲུའུ་གྲོང་ཁྱེར་ཤེལ་དཀར་སྣུམ་སྣོན་ས་ཚིགས་སོགས་སུ་སོང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པར་མ་ཟད། ཡུལ་དངོས་ཀྱི་ཏང་ཡོན་དང་མང་ཚོགས། ལས་བྱེད་པ་དང་མཉམ་དུ་རང་ཉིད་ཚོགས་ཆེན་ལ་ཞུགས་པའི་མྱོང་ཚོར་བརྗེ་རེས་བྱས། འཐུས་མི་རྣམས་ཀྱིས་ལང་ལོང་སྒོས་བསྟན་དོན། གཟབ་ནན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཚ་རླབས་བསླང་སྟེ་ཏང་གི་ཚོགས་ཆེན་བཅུ་དགུ་པས་གཏན་ལ་ཕབ་པའི་རིགས་སོ་སོའི་ལས་འགན་མངོན་འགྱུར་བྱེད་པའི་སྟོབས་ཤུགས་གཅིག་བསྡུས་བྱེད་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཚོ་སྔོན་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་སྐུལ་འདེད་གཏོང་དགོས་ཟེར།

གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་ཏང་སྲིད་གཞུང་སྒྲུབ་ཁང་གི་ལས་བྱེད་པ་འཕགས་ལྷ་རྡོ་རྗེས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་བཟང་པོ་བྱེད་པ་དང་གོ་བ་ཡང་དག་ལེན་པ། དྲིལ་སྒྲོག་བཟང་པོ་དང་ལག་ལེན་མཐར་ཕྱིན་བྱས་ནས་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པར་ཉར་ཏེ་རང་གི་འགན་འཁྲིའི་བྱ་བ་བཟང་པོར་བསྒྲུབ་རྒྱུ་ཡིན་ཟེར།

མཚོ་སྔོན་དགེ་ཐོན་སློབ་ཆེན་ཚེ་སྲོག་ཚན་རིག་སློབ་གླིང་གི་ཉིས་སྟོང་བཅོ་ལྔ་ལོའི་སློབ་མ་ལིས་ཧྥ་ཁྲང་གིས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ཁྲོད་ན་གཞོན་ཚོར་རེ་བ་དང་ལས་འགན་བསྩལ་ཡོད། ན་གཞོན་ཞིག་ཡིན་པའི་ཆ་ནས། ང་ཚོས་ལོ་རྒྱུས་ཀྱི་ལས་འགན་ཡིད་ལ་བརྟན་པོར་འཛིན་དགོས་པ་དང་། སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་མཐོ་ཚད་ནས་འགྲེང་སྟེ་མི་སྒེར་གྱི་འབད་བརྩོན་མེས་རྒྱལ་གྱི་མ་འོངས་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་རླབས་ཆེན་ཕུགས་འདུན་ཁྲོད་འདྲེས་པར་བྱས་ཏེ་སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་ལང་ཚོའི་སྟོབས་ཤུགས་འབུལ་དགོས་ཟེར།

ན་གོར་མོ་གྲོང་ཁྱེར་ཞི་ཁྲིན་ཆུའུ་གོ་ལེ་མུའུ་ཏི་གྲོང་རྡལ་གྱི་ཏང་ཡོན་རྒན་པ་ཉིག་ཅིན་པའོ་ཡིས་བཤད་རྒྱུར། ཀྲུང་ཁྲན་ཏང་མིའི་ཐོག་མའི་སེམས་འདུན་དང་ལས་འགན་ནི་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་བྱེད་པའི་ཆེད་དུ་ཡིན། གཞི་རིམ་གྱི་ཏང་ཡོན་རྒན་པ་ཞིག་ཡིན་པའི་ཆ་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་གཟབ་ནན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། ཏང་ཡོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར།