ཧྲུའུ་ཅི་དང་པོས་ཐུན་ཏེ་རྫོང་གི་དབུལ་ཐར་མཁྲེགས་གཏོར་ཐད་ནུས་ཤུགས་ཆེན་པོ་བཏོན།
2017.11.07 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 3

ཞིང་ཆེན་ཡོངས་ཀྱིས་གནད་ཕིགས་དབུལ་ཐར་བྱ་བ་སྤེལ་འགོ་བརྩམས་པའི་ཚུན་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གི་ཧྲུའུ་ཅི་དང་པོ་དང་སྡེ་སྡོད་དབུལ་སྐྱོར་རུ་ཁག་གིས་ཞིང་ཆེན་དང་ཁུལ། རྫོང་ཨུ་བཅས་ཀྱི་བཀོད་སྒྲིག་དང་རེ་བ་ལྟར་དུ་“དབུལ་ཕོངས་བཅོས་སྐྱོང་དང་། ཉམས་ཞན་བཅོས་སྐྱོང་། རྙོག་འཛིང་བཅོས་སྐྱོང་”བཅས་འགན་ཆེན་པོ་གསུམ་ལ་གཞིགས་ནས་འགན་འཁྲི་ལ་ཤུགས་སྣོན་དང་འགན་ཁུར་དོན་འཁྱོལ་ཡོང་བར་བྱས་ཏེ། ཐུན་ཏེ་རྫོང་གི་དབུལ་ཐར་བྱ་བའི་ཁྲོད་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་བཏོན།

དབུལ་ཐར་བྱ་བ་གཟབ་ནན་གྱིས་འཛིན་ཆེད། ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་བྱ་བའི་རུ་ཁག་གིས་དབུལ་ཐར་མཁྲེགས་གཏོར་དེ་ཆབ་སྲིད་ཀྱི་ལས་འགན་དང་བྱ་བ་གཙོ་བོར་བཞག་ནས།གནད་ཕིགས་དྲུག་དང་ཁྲིད་ཕྱོགས་བརྒྱད་ཀྱི་བྱ་བའི་རེ་བ་ལ་རྩེ་གཅིག་ཏུ་དམིགས་པ་དང་། སྡེ་བ་རེ་ལ་ཁྱད་ཐོན་རེ་དང་སྡེ་བ་རེ་ལ་བྱེད་ཐབས་རེ་ཡི་དབུལ་ཐར་ཐོན་ལས་ལག་བསྟར་བྱས་པ་བརྒྱུད། ཉེན་ཁ་ཆེ་བའི་ཁང་བ་ཞིག་གསོ་དང་ལས་ཞུགས་གསོ་སྦྱོང་། སྨན་བཅོས་གསོ་སྦྱོང་། སློབ་གསོ་བཅས་ལ་དབུལ་སྐྱོར་བྱེད་པ་སོགས་ཀྱི་བྱེད་ཐབས་གཙོ་བོ་དག་སྤྱད་ནས།རྫོ ང་ཡོངས་དབུལ་ཐར་བྱེད་པར་རྨང་གཞི་སྲ་བརྟན་ཞིག་བཏིངས་པ་དང་། དུས་ལྟར་གནད་ཕིགས་དབུལ་སྐྱོར་གྱི་དམིགས་ཡུལ་མངོན་འགྱུར་བྱས་ཏེ། མཚོ་སྔོན་གྱི་ས་ཁུལ་ཁྱད་པར་བ་ནས་དབུལ་སྐྱོར་བྱེད་པར་ཐུན་ཏེའི་བྱེད་སྟངསཞིག་གསར་དུ་བཏོད།