མཚོ་ལྷོ་ཁུལ་གྱིས་སྐབས་དང་པོའི་མི་རིགས་མཐུན་སྒྲིལ་བུམ་པའི་གློག་བརྙན་ཐུང་བའི་གསར་རྩོམ་འགྲན་སྡུར་སྤེལ།
2017.11.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

གོམ་གང་མཐུན་སྤོས་ཀྱིས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་དང་བློ་སེམས་གཅིག་མཐུན་ངང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བསམ་བློ་གཅིག་སྒྲིལ་བྱེད་པའི་ཆེད་དུ། ཉེ་ལམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྐབས་དང་པོའི་མི་རིགས་མཐུན་སྒྲིལ་བུམ་པའི་གློག་བརྙན་ཐུང་བ་གསར་རྩོམ་གྱི་འགྲན་སྡུར་བསྡུས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འགྲན་སྡུར་ཟླ་གཉིས་ལྷག་རིང་ལ་སྤེལ་བ་དང་། བསྡོམས་པས་གློག་བརྙན་བརྩམས་ཆོས་སོ་གཉིས་འགྲན་སྡུར་དུ་ཞུགས་ཏེ། གལ་ཏེ་དུས་ཚོད་ཕྱིར་ལྡོག་ཐུབ་ཚེ་ཞེས་པའི་གློག་བརྙན་གཙོས་ཕུལ་བྱུང་གློག་བརྙན་བརྩམས་ཆོས་བཅུ་བཞི་བདམས་ཐོན་བྱུང་།

ཐེངས་འདིའི་འགྲན་སྡུར་ལ་ཁུལ་ཡོངས་ཀྱི་གློག་བརྙན་ཐུང་བ་ལ་དགའ་མོས་ཆེ་བའི་མི་སྣ་མང་པོ་འགྲན་ཞུགས་བྱས་ལ། དེ་ནི་མིག་སྔར་གྱི་གློག་བརྙན་ཐུང་བའི་ཐོན་ལས་ཀྱི་གྲུབ་འབྲས་འགྲེམ་སྟོན་བྱེད་སའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད་པར་མ་ཟད། མཚོ་ལྷོ་ཁུལ་གྱི་མ་འོངས་པའི་གློག་བརྙན་ལས་རིགས་ཀྱི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིངས།