དྲག་ཆས་ཉེན་རྟོག་མཚོ་ལྷོའི་ཡན་ལག་རུ་ཁག་གིས་དབུལ་སྐྱོར་རོགས་རམ་བྱས།
2017.11.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

དྲག་ཆས་ཉེན་རྟོག་མཚོ་ལྷོའི་ཡན་ལག་རུ་ཁག་གིས་ཧུར་ཐག་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་འབོད་སྐུལ་དང་ལེན་དང་ནན་ཏན་སྒོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་དབུལ་སྐྱོར་སྒོ་འབྱེད་ཀྱི་འཐབ་ཇུས་གལ་ཆེན་ལག་ལེན་མཐའ་འཁྱོལ་ཡོང་བའི་ཆེད་དུ། གུང་ཧོ་རྫོང་རྐ་གསར་སྡེ་བར་གནད་ཕིགས་དབུལ་སྐྱོར་རོགས་རམ་བྱ་འགུལ་སྤེལ།

བཞུགས་མོལ་ཚོགས་འདུའི་སྟེང་། ཆབ་སྲིད་ཨུ་ཡོན་ཝང་ཞན་ལེ་ཡིས་བཤད་རྒྱུར། དམག་དམངས་ལ་བརྩེ་དགོས་ལ་དམངས་ཀྱིས་དམག་བཀུར་དགོས། དམག་དང་དམངས་ནི་ཁྱིམ་ཚང་གཅིག་ཡིན་ཟེར། ཁོས་ད་དུང་ཚང་མས་ཕན་ཚུན་རོགས་རམ་དང་ཧུར་ཐག་འབད་བརྩོན་བརྒྱུད། སྔ་མོ་ནས་དབུལ་ཐར་མངོན་འགྱུར་བྱས་ཏེ། བློ་སེམས་གཅིག་སྒྲིལ་གྱིས་རྐ་གསར་སྡེ་བའི་སང་ཉིན་སྔར་ལས་མཛེས་སྡུག་ལྡན་པར་བསྐྲུན་དགོས་ཟེར།

རོགས་སྐྱོར་མཛད་སྒོའི་སྟེང་། དྲག་ཆས་ཉེན་རྟོག་མཚོ་ལྷོའི་ཡན་ལག་རུ་ཁག་གིས་དཀའ་ངལ་ཅན་གྱི་སློབ་མ་གསུམ་ལ་སློབ་ཡོན་རོགས་དངུལ་སྟོང་གསུམ་བྱིན་ནས། ཁོ་ཚོ་ལ་སློབ་སྦྱོང་ལེགས་པོ་བྱེད་དགོས་པའི་སློབ་གསོ་བཏང་། ད་དུང་དཀའ་ངལ་ཅན་གྱི་ཁྱིམ་ཚང་བརྒྱད་ལ་ཕག་ཕྲུག་ཉེར་བཞི་དང་གཟན་ཆས་སྒྱེ་མོ་རེ་བཞི། འབྲས། ཕྱེ། སྣུམ་སོགས་ཀྱི་དངོས་ཟོག་གི་རོགས་སྐྱོར་བྱས།

བྱ་འགུལ་ཡུལ་དངོས་སུ། ནད་བརྟག་པར་ཡོང་བའི་མང་ཚོགས་རྒྱུན་ཆད་པ་མེད་པར་ལ་ལས་ཁྲག་ཤེད་ཀྱི་ཚད་དང་ལ་ལས་ཁྲག་མངར་གྱི་ཚད་མཇལ་བཞིན་ཡོད་ལ། ད་དུང་བདེ་ཐང་བློ་འདྲི་བྱེད་མཁན་ཡང་མང་པོ་འདུག དེ་ནས། དབུལ་སྐྱོར་དམངས་བདེ་ཞབས་ཞུ་རུ་ཁག་གིས་ཚོ་ཁག་བགོས་ཏེ་སྡེ་བའི་ནང་དུ་སོང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ལ། མགྱོགས་མྱུར་ངང་ཏང་གི་སྐད་ཆ་ཞིང་འབྲོག་མང་ཚོགས་ལ་དྲིལ་སྒྲོག་བྱས་ཏེ། མི་རེ་རེ་ཡིས་ཤེས་ཤིང་ཁྱིམ་རེ་རེ་ཡིས་གོ་བར་བྱས།