ཐུན་ཏེ་རྫོང་གིས་སྐད་འཕྲིན་སྤྱི་སྟེགས་བརྒྱུད་དེ་ཏང་གི་འཛུགས་སྐྲུན་བྱ་བར་སྐུལ་འདེད་བཏང་།
2017.11.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

མིག་སྔར།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་ཏང་ཨུ་རྩ་འཛུགས་པུའུ་ཡིས་རང་འགུལ་སྒོས་ཆ་འཕྲིན་ཅན་གྱི་འཕེལ་ཕྱོགས་དང་འཚམ་པོ་ཡོང་བའི་ཆེད་དུ། མཉམ་འབྲེལ་དྲ་རྒྱ་དང་ཏང་གི་འཛུགས་སྐྲུན་ཟུང་སྦྲེལ་བྱེད་པར་བསམ་གཞིགས་བཏང་སྟེ། ཙོང་རིའི་གདོང་ལེན་པ་ཞེས་པའི་སྐད་འཕྲིན་སྤྱི་སྟེགས་ཕྱེས་ལ། ཧུར་ཐག་གིས་མཛུབ་རྩེ་ཡི་ཏང་གི་འཛུགས་སྐྲུན་ལ་ནུས་ཤུགས་བཏོན་ནས། རྨང་གཞིའི་ཏང་གི་འཛུགས་སྐྲུན་བྱ་བར་བསྟུད་མར་གྲུབ་འབྲས་གསར་བ་བླངས།

རྒྱུས་ལོན་བྱུང་བ་ལྟར་ན། ཙོང་རིའི་གདོང་ལེན་པ་ཞེས་པའི་སྐད་འཕྲིན་སྤྱི་སྟེགས་ཀྱིས་ལག་ཁྱེར་ཁ་པར་གྱི་སྐད་འཕྲིན་སྨྱད་བྱད་ཀྱི་དགེ་མཚན་ཡག་པོ་སྤྱད་དེ། ཏང་གི་འཛུགས་སྐྲུན་གཞུང་ལུགས་ཁྱབ་སྒྲོག་དང་བྱ་བའི་གནས་ཚུལ་སྙན་ཞུ། བྱ་བའི་གྲུབ་འབྲས་འགྲེམ་སྟོན། ཏང་ཡོན་ལས་བྱེད་པར་སློབ་གསོ་གཏོང་བ། རྨང་གཞིའི་མང་ཚོགས་ལ་ཞབས་ཞུ་སྒྲུབ་པ་བཅས་ཀྱི་དམིགས་ཡུལ་གཙོ་བོ་བཟུང་ནས། བྱ་བའི་གནས་ཚུལ་དང་གཉིས་སློབ་གཅིག་བྱེད། ཏང་ཡོན་ཞབས་ཞུ་བཅས་ཀྱི་དབྱེ་ཚན་གསུམ་བཟོས་ལ། གཙོ་བོ་ནི་གསར་འགྱུར་གལ་ཆེན་དུས་ཐོག་ཏུ་སྤེལ་བ་དང་སྲིད་ཇུས་ཡིག་ཆ་ལ་གསལ་བཤད་བྱེད་པ། ཀུན་གླེང་གནད་དོན་ལ་དཔྱད་བརྗོད་བྱེད་པ་སོགས་ཡིན། ཡི་གེ་དང་པར་རིས། བརྙན་གྱི་རྣམ་པ་བརྒྱུད་དེ་ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ཏང་གི་འཛུགས་སྐྲུན་བྱ་བའི་གྲུབ་འབྲས་འགྲེམ་སྟོན། སྔོན་ཐོན་ཉམས་མྱོང་བརྗེ་རེས་དང་ཏང་ཡོན་སློབ་གསོ་སྤེལ་བ་སོགས་སྒྲུབ་བཞིན་འདུག