མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁུལ་སོ་སོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས།
2017.11.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

བསྟུན་མར་ཉིན་འགའི་རིང་ལ། མཚོ་ནུབ་ཁུལ་གྱི་ས་ཆ་སོ་སོས་མགྱོགས་མྱུར་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར་བར་བྱས་པ་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བྱེད་ཐབས་སྣ་མང་སྤྱད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་འགྲེལ་ཀློག་བྱས་པ་དང་མྱོང་ཚོར་གླེང་། ཚང་མས་གཅིག་གྱུར་སྒོས་བསྟན་དོན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐར་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློས་འགུལ་སྐྱོད་ལ་སྣེ་ཁྲིད་བྱེད་པ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་སྟེང་ཧུར་ཐག་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

ཏང་གི་ཚོགས་ཆེན་བཅུ་དགུ་པས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་ཞུགས་པའི་ཆབ་སྲིད་ཆོད་གཏམ་གལ་ཆེན་བཏོན་པ་དང་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགན་འཁྲི་རྒྱས་བཤད་གཏིང་ཟབ་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ཕྱོགས་སོ་སོའི་བྱ་བར་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་གཏན་ཁེལ་བྱས་པ་དང་མང་ཚོགས་ལ་སྣེ་ཁྲིད་དེ་མཛེས་སྡུག་གི་འཚོ་བ་གསར་སྐྲུན་བྱེད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་སྤོབས་སེམས་ཆེ་རུ་བཏང་།

མཚོ་ནུབ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལིན་ཧྥན་གྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་བཟང་བོ། ལག་ལེན་མཐར་ཕྱིན་བཅས་བྱེད་རྒྱུ་ནི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་རེ་རེའི་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་དང་པོ་ཡིན། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་ངས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློའི་ལོ་རྒྱུས་ཀྱི་གོ་གནས་དང་ཚན་རིག་ནང་དོན། དགོངས་དོན་གྱི་ངོ་བོ། ལག་ལེན་གྱི་རེ་བ་བཅས་ལ་སློབ་སྦྱོང་བཟང་བོ་དང་གོ་བ་ཡང་དག་བླངས་ནས་ཏང་གི་འགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་ཀུན་ཏུ་དམངས་ཆེན་བྱ་བའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་སྲུང་འཛིན་བྱེད་པ་དང་། གཟབ་ནན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པས་བཏོན་པའི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་མ་ལག་གི་འཐབ་ཇུས་བཀོད་སྒྲིག་དང་ལས་འགན་རེ་བ་དོན་འཁྱོལ་བྱས་ཏེ་དམངས་ཆེན་འཐུས་མིའི་གཙོ་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ངེས་ཡིན་ཟེར།

ན་གོར་མོ་གྲོང་ཁྱེར་ནགས་ལས་ས་ཚིགས་ཐོན་སྐྱེད་ཚན་ཁག་གི་ལས་བྱེད་མི་སྣ་ཚོའེ་ཧོང་ཡན་གྱིས་བཤད་རྒྱུར། མིག་སྔར། སྡེ་ཁག་མང་པོས་ཐེངས་མང་པོར་རྩ་འཛུགས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་དུ་བཅུག་ནས་ང་ལ་རྒྱལ་ཁབ་ཀྱི་སྲིད་ཇུས་དང་འཕེལ་རྒྱས་ཁ་ཕྱོགས་ལ་སྔར་ལས་ལྷག་པའི་རྒྱུན་ལོན་བྱེད་དུ་བཅུག མིག་སྔར། སྐྱེ་ཁམས་སྲུང་སྐྱོབ་བྱ་བ་དེ་རྒྱལ་ཁབ་འཕེལ་རྒྱས་བྱ་བའི་ཁྲོད་ཀྱི་གལ་ཆེན་ནང་གི་འགངས་ཆེན་དུ་གྱུར་ཡོད་པ་དང་། ང་ལ་ནགས་ལས་བྱ་བའི་གལ་ཆེན་རང་བཞིན་དང་ལས་འགན་སྔར་ལས་ལྕི་བ་ཚོར་དུ་བཅུག རྗེས་ཕྱོགས།་ཀྱི་བྱ་བའི་ཁྲོད་ངས་རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་གྲོས་ཚོགས་སོ་སོའི་དགོངས་དོན་དོན་འཁྱོལ་བྱས་ཏེ་ན་གོར་མོ་གྲོང་ཁྱེར་ལྗང་མདོག་ཏུ་བསྒྱུར་བ་དང་གནོད་འབུ་འགོག་བཅོས་བྱེད་པ། རྨོ་བསྐྱུར་ནགས་སྐྲུན་བྱེད་པ་སོགས་བྱ་བའི་ཐད་རང་གི་སྟོབས་ཤུགས་འབུལ་རྒྱུ་ཡིན། གུང་ཁྲན་ཏང་མིའི་ཐོག་མའི་སེམས་འདུན་དང་ལས་འགན་ནི་ཀྲུང་གོ་མི་དམངས་ཕྱུག་སྒྱུར་བྱེད་རྒྱུ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་རྒྱུ་དེ་ཡིན་ཟེར།

ལིན་ཧུའུ་སྲིད་འཛིན་ས་ཁུལ་སྲིད་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཐེན་ཚེ་རིང་གིས་བཤད་རྒྱུར། ང་ཚོ་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པར་འགྲེང་སྟེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་གཟབ་ནན་གྱིས་སློབ་སྦྱོང་བྱེད་དགོས་པ་དང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ། འདུ་ཤེས་བཞི་བརྟན་པོར་བཙུགས་ཏེ་ལིན་ཧུའུ་ཡི་དཔལ་འབྱོར་སྤྱི་ཚོགས་བདེ་ཐང་ངང་འཕེལ་རྒྱས་འགྲོ་བའི་ཐད་བྱས་རྗེས་གསར་བ་འཇོག་དགོས་ཟེར།

ཝུའུ་ལན་རྫོང་ཁོར་ཡུག་སྲུང་སྐྱོབ་དང་ནགས་ལས་ཅུའུ་ཡི་ཅུའུ་ཀྲང་ཐང་ཧྲིན་ལིན་གྱིས་བཤད་རྒྱུར། ཁོར་ཡུག་སྲུང་སྐྱོབ་དང་ནགས་ལས་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། ཆོད་སེམས་སྔར་ལས་བརྟན་པོ་དང་རྒྱུན་འཁྱོངས་ལྷད་མེད་སྒོས་ཐོག་མཐའ་བར་གསུམ་ཀུན་ཏུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་དགོས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་གནས་སྟེང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལྗང་སྒྱུར་བྱ་བ་དུས་རིམ་གསར་པར་སྐྱེལ་བ་དང་ལྗང་མདོག་གི་ཝུའུ་ལན་གསར་བ་འཛུགས་སྐྲུན་བྱས་ཏེ་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐད་སྟོབས་ཤུགས་འབུལ་དགོས་ཟེར།

ཚ་འདམ་གཞོང་སྲིད་འཛིན་ཨུ་ཡོན་ལྷན་ཁང་ལྟེ་གནས་སློབ་གྲྭའི་སློབ་མ་ཅང་ཁེ་ཡན་གྱིས་བཤད་རྒྱུར། ང་ནི་དམའ་འབྲིང་ལོ་རིམ་གཉིས་པའི་སློབ་མ་ཞིག་ཡིན། དགེ་རྒན་གྱིས་ང་ཚོར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས། སློབ་མ་ཞིག་ཡིན་པའི་ཆ་ནས། ངས་ཆུང་དུས་ནས་ཕུགས་འདུན་ཆེན་པོ་བཅངས་ཏེ་མེས་རྒྱལ་དགའ་བ་དང་འཚོ་བར་དགའ་བ། སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་བོ་དར་སྤེལ་བྱེད་པ་དང་རྒྱལ་ཁབ་དང་སྤྱི་ཚོགས་ལ་གོ་ཆོད་པའི་མི་ཞིག་བྱེད་རྒྱུ་ཡིན་ཟེར།